བོད་ཤར་རྒྱུད་དུ་གནས་པའི་ལོ་ངོ་སྟོང་ཕྲག་གི་ལ་སྒོ་འཁྱགས་རོམ།

ཡོངས་ཁུངས།   བོད་ལྗོངས་འཕྲིན་དྲ། རྩོམ་པོ།   བོད་ལྗོངས་འཕྲིན་དྲ། སྤེལ་དུས།   2020-11-28

ལ་སྒོ་འཁྱགས་རོམ་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་།  ར་འོག་མཚོའི་མཛེས་ལྗོངས་ཁུལ་དང་ཐག་ཉེ་ཞིང་དཔའ་ཤོད་རྫོང་གྲོང་དང་བར་ཐག་སྤྱི་ལེ ༡༢༠ ཡོད།  ལ་སྒོ་འཁྱགས་རོམ་ཞེས་པ་དེ་འཁྱགས་རོམ་ཉེ་འགྲམ་གྱི་ལ་སྒོ་གྲོང་ཚོའི་མིང་ལས་བྱུང་བ་ཡིན།

ལ་སྒོ་འཁྱགས་རོམ་ནི་འཛམ་གླིང་ཐོག་གི་འཁྱགས་རོམ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ལ་བར་ལུང་གཙང་པོའི་ཆུ་འགོའང་ཡིན།  ལོ་ངོ་སྟོང་ཕྲག་གི་གྲང་འཁྱགས་ལས་བཟོ་དབྱིབས་མི་འདྲ་བ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་འཁྱགས་རི་ངོ་མཚར་ཅན་ཞིག་ཆགས་ཡོད་པ་དང་།  དགུང་ཨ་སྔོན་དང་སྤྲིན་དཀར་པོས་རྒྱན་པའི་འོག་གཞན་ན་མ་མཆིས་པའི་གནས་ངོ་མཚར་ཅན་ཞིག་སྐྱེ་འགྲོའི་མིག་ལམ་དུ་འཆར་ནས་གདའ།

༼ ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན།༽
ལོགས་སུ་ཉར་བ།