རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་དུ་གནས་པའི་གནམ་ལྕགས་འབར་བ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རི་བོ་མཐོ་ཤོས་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད ༧༧༨༢ ཟིན་གྱི་ཡོད། རི་དབྱིབས་དམིགས་བསལ་ཡིན་པ་དང་དབྱིབས་ཟུར་གསུམ་མངོན་པའི་ལ་རྩེར་ལོ་འཁོར་མོར་སྨུག་སྤྲིན་འཐིབས་ཡོད་ཅིང་བརྗིད་ཉམས་མཇལ་དཀའ་བ་ཞིག་ཡོད། རྒྱལ་ཁབ་ས་ཁམས་ཀྱིས་གནམ་ལྕགས་འབར་བ་དེ་ཀྲུང་གོའི་རི་བོ་མཛེས་ཤོས་གྲགས་ཅན་བཅུ་ཡི་དང་པོར་དཔྱད་འདེམས་བྱས་ཡོད།།