གཡག་མགྲོན་ཁང་།
གཡག་མགྲོན་ཁང་དེ་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་ཁྲིས་སུ་གནས་ཡོད་པ་དང་། སྐར་མ་གསུམ་རིམ་པའི་མགྲོན་ཁང་ཞིག་ཡིན་པའི་ངོས་ནས་སྣེ་ལེན་གྱི་ཞབས་ཞུ་ལེགས་པོ་ཡོད་པ་རེད།
ཁུ་གཡག་མགྲོན་ཁང་།
ཁུ་གཡག་མགྲོན་ཁང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ཉམས་འགྱུར་གཉིས་གཞི་གཅིག་ཏུ་བསྡུས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཞིག་ཡིན་པ་དང་། བར་སྐོར་སྨན་རྩིས་ཁང་ལམ་དུ་གནས་ཡོད།
སྦྲ་ནག་ཞོལ་མགྲོན་ཁང་།
སྦྲ་ནག་ཞོལ་མགྲོན་ཁང་ནི་ཁྲོམ་གཟིགས་ཁང་གི་ཞོགས་སུ་གནས་ཡོད་པ་དང་། མགྲོན་ཁང་དེའི་སྒོ་འགྲམ་དུ་ཡུལ་སྐོར་གྱི་ཆ་འཕྲིན་སྣ་ཚོགས་སྦྱར་བའི་སྒྲོམ་སྟེགས་ཡོད་ཅིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོས་མགྲོན་ཁང་དེར་དགའ་པོ་བྱེད་ཀྱི་ཡོད་པ་རེད།།
ལྷ་ས་ཕུན་ཚོགས་ཁང་བཟང་རྒྱལ་སྤྱིའི་གཞོན་ནུའི་མགྲོན་ཁང་།
ལྷ་ས་ཕུན་ཚོགས་ཁང་བཟང་རྒྱལ་སྤྱིའི་གཞོན་ནུའི་མགྲོན་ཁང་ནི། པོ་ཏ་ལ་དང་གཙུག་ལག་ཁང་དེ་བཞིན་ར་མོ་ཆེ་གཙུག་ལག་ཁང་བཅས་ཀྱི་ཟུར་གསུམ་བྱས་པའི་ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པའི་ལྟེ་བར་གནས་ཡོད།
གླིང་ཚང་མགྲོན་ཁང་།
གླིང་ཚང་མགྲོན་ཁང་ནི་ལྷ་ས་གྲོང་ཁྱེར་ཀླུ་སྒུག་སྲང་ལམ་དང་པོའི་སྒོ་རྟགས ༣༨ པའི་གླིང་ཚང་སྒོ་རའི་ནང་ཡོད་པ་དང་། གཙུག་ལག་ཁང་གི་ལྷོ་ནུབ་ཕྱོགས་སུ་གནས་ཡོད་པ་རེད།