您没有安装FlashPlayer或版本太低, 请点击获得最新版本FlashPlayer
འཇམ་དབྱངས་དོན་གྲུབ། ཕོ། བོད་རིགས། ཀྲུའུ་རེན་སྙན་སྒྲོན་པ། ༡༩༩༣ ལོ་ནས་བཟུང་བོད་སྐད་སྙན་སྒྲོན་པའི་ལས་འགན་འཁུར། ལོ ༢༠ བསྟུད་མར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་དང་དཔྱིད་དུས་ཆེན་གྱི་མཚན་ཚོགས་ཁག་གི་གཙོ་སྐྱོང་པ་བྱེད་མྱོང་ཡོད་ལ། དེ་མིན་དུ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་མཚན་ཚོགས་ཆེ་ཆུང་འདྲར་མིན་ཁག་གི་གཙོ་སྐྱོང་པ་ཡང་བྱེད་མྱོང་ཡོད། ད་ལྟའི་བར་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལེ་ཚན་གྱི་སྙན་སྒྲོན་པའི་འགན་འཁུར་མུས་ཡིན། རྒྱལ་ཡོངས་ཀྱི་སྙན་སྒྲོན་གཙོ་སྐྱོང་པའི་རྣམ་གྲངས་ཀྱི་བྱ་དགའ་ཆེན་པོ་ཡང་ཐེངས་མང་རག་མྱོང་ཡོད།།