您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཚེ་བརྟན་དབྱངས་འཛོམས།༼སྙན་སྒྲོན་མིང་ཚེ་གཡང་།༽ མོ། མཐོ་རིམ་གཞོན་པའི་གོ་མིང་ཡོད། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་དང་གཙོ་སྐྱོང་པ་ཡིན། ༢༠༡༡ ལོར་རྒྱལ་ཡོངས་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་གསེར་གྱི་སྐད་པར་བྱ་དགའ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཀྱི་རིག་གཞུང་དང་ལག་རྩལ་གྱི་སྣེ་འཁྲིད་པ། ད་ལྟ་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལེ་ཚན་གྱི་གཙོ་འགན་སྙན་སྒྲོན་པ་བྱེད་མུས་ཡིན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་མཚན་ཚོགས་མང་དག་ཞིག་གི་གཙོ་སྐྱོང་པ་བྱེད་མྱོང་ལ། དྲི་བཞོན་ལྷ་མོའི་ལེ་ཚན་དང་ཞིང་འབྲོག་གླེང་སྟེགས་ལེ་ཚན་གྱི་གཙོ་སྐྱོང་པ་བྱེད་མྱོང་། བོད་སྐད་བརྙན་འཕྲིན་འཁྲབ་ཚན་སྒྱུར་མ་སྟོང་ལ་ཉེ་བའི་མི་སྣའི་སྒྲ་སྦྱོར་ཡང་བྱེད་མྱོང་ཡོད། དེའི་ནང་གྲགས་ཆེ་བར་འཆིང་ཐག་ལས་གྲོལ་བའི་བུད་མེད་ཞེས་པའི་མི་སྣ་གཙོ་བོ་ཧྲན་ཤིན་དང་། སྦྲུལ་དཀར་ལྷ་མོའི་གཏམ་བརྒྱུད་གསར་མ་ཞེས་པའི་མི་སྣ་གཙོ་བོ་པེ་སུའུ་ཀྲེན། བྱ་གླག་གསོད་མཁན་གྱི་དཔའ་བོའི་རྣམ་ཐར་ཞེས་པའི་མི་སྣ་གཙོ་བོ་ཧོང་རུང་སོགས་ཡོད།།