您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤེན་པ་ཚེ་རིང་། རིམ་པ་གཉིས་པའི་སྙན་སྒྲོན་པ། ༢༠༠༧ ལོར་ཡིག་རྒྱུགས་བཏང་བ་རྒྱུད་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་ཚུད་པ་དང་། ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་རྩོམ་སྒྱུར་པུའི་བགྲོ་གླེང་ལེ་ཚན་གྱི་གཙོ་སྐྱོང་པ་དང་རྩོམ་འཁྲིད་པ། སྒྲིག་བཟོ་སོགས་ཀྱི་འགན་འཁུར་བཞིན་ཡོད། དེ་དང་ཆབས་ཅིག་ བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གངས་ལྗོངས་ཀུན་གླེང་ལེ་ཚན་གྱི་གཙོ་སྐྱོང་པའི་འགན་ཡང་འཁུར་བཞིན་ཡོད། དེ་མིན་གནམ་ཀུན་ནས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྟབས་སྟུན་ལེ་ཚན་ཁག་གི་སྒྲ་སྦྱོར་དང་སྨྱན་སྦྱོར་བརྡ་ཁྱབ་ཀྱི་སྒྲ་སྦྱོར་སོགས་ཀྱང་བྱེད་ཀྱི་ཡོད།
༢༠༠༩ ལོ་ནས་བཟུང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སོགས་མཚན་ཚོགས་ཆེ་ཆུང་སྣ་ཚོགས་དང་། ས་ཁུལ་ཁག་ཏུ་གཉེར་བའི་རིག་རྩལ་འཁྲབ་སྟོན་ཁག་གཅིག་གི་གཙོ་སྐྱོང་པ་བྱེད་མྱོང་ལ། ༢༠༡༢ དང་ ༢༠༡༣ ལོར་མཚོ་སྔོན་ བརྙན་འཕྲིན་ལས་ཁུངས་ཕྱོགས་བསྡུས་འཕྲིན་ལམ་གྱི་བོད་ཀྱི་ལོ་གསར་ལ་གཉེར་བའི་མཚན་ཚོགས་ཀྱི་གཙོ་སྐྱོང་པ་ཡང་བྱེད་མྱོང་ཡོད། ༢༠༡༤ ལོར་ བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་དབུ་བཞུགས་གཙོ་སྐྱོང་པར་བདམས་ཐོན་བྱུང་བ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་བྱ་དགའ་ཡང་ཐེངས་མང་རག་མྱོང་ཡོད།།