您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་དེ་ཧ་ཅང་གནད་འགག་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས། མགོ་ནས་མཇུག་བར་དོན་དངོས་དང་ཟུང་དུ་སྦྲེལ་ནས་སློབ་སྦྱོང་བྱེད་བཞིན་ཡོད་པས། རྣམ་པ་གསར་གཏོད་ཀྱི་སྣང་ཚུལ་ཟབ་མོ་ཞིག་རང་ཤུགས་ཀྱིས་མངོན་གྱི་ཡོད།།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་དྲག་ཆས་ཉེན་རྟོག་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་མ་ཡིག་སློབ་སྦྱོང་བྱེད་པ་དང་བསམ་བློའི་མྱོང་ཚོར་འབྲི་བ་སོགས་ཀྱི་རྣམ་པའི་ཐོག་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ་གཞུང་དྲང་སྲུང་དམག་བྱ་རྒྱུའི་ཆོད་སེམས་བརྟན་དུ་བཏང་ཡོད།།