ཡུལ་སྨད་ཤང་གི་འབྲོག་པར་སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༣༡ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས།  ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་།  འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ནས་འཕྲིན་ལན་བརྒྱུད་བསྒྲགས་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཚོགས་འདུར་ཕེབས་པ་རེད།

ཏིང་གཡས་ཤན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྐུལ་ལྕག་གནང་བ་ཞིག་རེད་ལ་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་དེ་བས་སྐུལ་ལྕག་གནང་བ་ཞིག་ཡིན་པས།  ང་ཚོས་ངེས་པར་དུ་སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་འགག་སྒྲོལ་བྱེད་པ་དང་།  མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ།  མཐའ་མཚམས་ས་ཁུལ་གྱིས་ལྗོངས་ཡོངས་དང་དེ་བཞིན་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་བ།  ལས་ཀའི་གྲུབ་འབྲས་བཟང་པོའི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མཐའ་མཚམས་ས་ཁུལ་མི་དམངས་མང་ཚོགས་ཀྱི་རེ་འདོད་སྒྲུབ་པ་བཅས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས་པའི་ནན་བཤད་གནང་བ་རེད།

ཏིང་གཡས་ཤན་ནས་རིམ་ཁག་ཚན་པ་ཁག་གིས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ།  གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཆེའི་འགུལ་ཤུགས་གཅིག་སྒྲིལ་བྱེད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ།  མཐའ་སྲུང་མཐའ་བརྟན་དང་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་རྒྱུར་སྐུལ་སློང་སྐུལ་ལྕག་བྱེད་པ་དང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་དང་མངག་བཅོལ་བློ་ལ་བརྟན་པོར་ངེས་ཏེ།  བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཏིང་གཡས་ཤན་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་།  མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་།  ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ།  མཐའ་མཚམས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཁ་ཏང་དང་མེས་རྒྱལ།  སྲོག་ཤིང་བཅས་ལ་ཕྱོགས་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི།  སྤྱི་ཚོགས་ཀྱི་རྨང་གཞི་བཅས་སྔར་བས་བརྟན་དུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་སྒྲིལ་ཤུགས།  བློ་སེམས་འགུག་ཤུགས་བཅས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་།  ཡུལ་སྨད་ཤང་བཅས་ཀྱི་འགན་འཁུར་བློ་མཐུན་དང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་བཅས་ཀྱིས་གཏམ་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]