您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༡༠ པའི་ཚེས ༣༠ ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ལས་བྱེད་པའི་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཏང་ཙུའུ་ཡི་ཧྲུའུ་ཅི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའུ་ཁྲུན་ལེའི་དང་ཀྲའོ་ཀྲེང་ཤའུ། བསྟན་འཛིན་རྣམ་རྒྱལ་སོགས་ཚོགས་འདུར་ཕེབས་ཡོད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་དང་གོ་བ་ལོན་པ་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གལ་ཆེ་ཤོས་སུ་བརྩིས་ནས། སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་ཡག་པོ་ལེན་པ། ལས་དོན་ཏན་ཏིག་སྤེལ་བ་བཅས་ཐད་འབད་བརྩོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་ལས་དོན་གང་མགྱོགས་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་ཆོད་སྡོམ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་བྱུང་བའི་འགྱུར་ལྡོག་གི་ཁྱད་ཆོས་གསར་པར་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པའི་ངོ་བོར་གོ་བ་གཏིང་ཟབ་ལེན་པ། གོམ་སྟབས་གཉིས་ལ་དབྱེ་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་པའི་དམིགས་ཚད་གསར་པར་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་ཁྱབ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་དོན་སྤྱི་ཟབ་མོར་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འབད་བརྩོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པས་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས། སྔོན་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེ་ཡག་པོ་འདོན་ནས་འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་དེ་ལས་གནས་དང་བྱ་སྤྱོད་ཐོག་ནས་མངོན་པར་བྱེད་པ་དང། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པས་བསམ་བློར་གོ་རྟོགས་སྤྲོད་པ་དང་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།