འཐུས་མི་བྱམས་པ་སྒྲོལ་མས་ཚོགས་ཆེན་བཅུ་དགུ་པར་ཞུཌ་པའི་བརྗིད་ཆེའི་གཏམ་བཟང་ལས་རོཌ་ཚོར་གླེང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་བུད་མེད་རུ་ཆེན་གྱི་སློབ་སྟོན་པ་བྱམས་པ་སྒྲོལ་མ་ལྷ་སར་འབྱོར་རྗེས་འཕྲལ་མར་ལས་གནས་ཐོག་བསྐྱོད་དེ།  རང་ཉིད་ཚོགས་ཆེན་བཅུ་དགུ་པར་ཞུགས་རིང་གི་འབྲེལ་ཡོད་གནས་ཚུལ་ལས་རོགས་ཚོར་གླེང་བ་རེད།

སྤྱི་ཟླ ༡༠ པའི་ཚེས ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད ༨ དང་སྐར་མ ༢༠ ཙམ་ལ་བྱམས་པ་སྒྲོལ་མས་སྔར་རྒྱུན་བཞིན་མཆོད་རྟེན་བྲག་སྒོ་ཀ་ལིང་བརྒྱུད་དུ་སོ་སོའི་དོ་དམ་བྱེད་ཁོངས་སུ་འགྲིམ་འགྲུལ་བཀོད་འདོམས་གནང་བཞིན་ཡོད།  གཞི་རིམ་འཐབ་ས་དང་པོའི་ཉེན་རྟོག་པ་དཀྱུས་མ་ཞིག་གི་ངོས་ནས་བོད་ཀྱི་སྤྱི་བདེ་དཔུང་ཁག་གི་ཚབ་ཞུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་རྒྱུ་བྱུང་བར་བྱམས་པ་སྒྲོལ་མར་གཟི་བརྗིད་ཆེན་པོ་ཡིན་པའི་མྱོང་འཚོར་བྱུང་བ་དང་ཆབས་ཅིག་གཟི་བརྗིད་དེར་དེ་བས་གཅེས་སྤྲས་གནང་གི་ཡོད།  ཚོགས་ཆེན་རིང་བྱམས་པ་སྒྲོལ་མས་མཇུག་སྒྲིལ་ཚོགས་འདུའི་ཐོག་བླ་ན་མེད་པའི་འདེམས་ཤོག་འཕེན་ཡོད་པ་དང་།  བོད་ལྗོངས་འཐུས་མི་ཚོགས་པས་ཁོང་ཚོགས་ཆེན་གྱི་འདེམས་ཤོག་ལྟ་ཞིབ་པ ༣༦ གི་གྲས་ལ་འོས་སྦྱོར་བྱས་པ་རེད།  བྱམས་པ་སྒྲོལ་མས་ཉིན་གུང་ངལ་གསོའི་སྐབས་དང་བསྟུན་ནས་ཚོགས་ཆེན་ལ་ཞུགས་སྐབས་པེ་ཅིང་ནས་ཉོས་པའི་ཕྱག་རྟགས་ཆུང་ཆུང་གྲོགས་མོ་ཚོར་སྤྲད་པ་རེད།

བྱམས་པ་སྒྲོལ་མས་པཱ་ལགས་སྤྱི་ལོ ༡༩༨༣ ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཞི་པར་ཞུགས་སྐབས་བེད་སྤྱོད་གནང་མྱོང་བའི་ཟིན་བྲིས་དེབ་དེ་ཚོགས་ཆེན་བཅུ་དགུ་པའི་ཚོགས་རར་ཁྱེར་བ་ཡིན།  ཟིན་བྲིས་དེབ་དེ་འཁྱེར་ཡོད་པས་པཱ་ལགས་ངའི་འཁྲིས་སུ་ཡོད་པའི་སྣང་བ་འདུག་པས།  ངས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་པ་རེད།  མི་ཁ་ཅིག་གིས་ཉེན་རྟོག་པ་ལས་རིགས་ཙམ་ཞིག་ལ་བརྩི་བགྱི་ཡོད་ན་ཡང་ངས་ཉེན་རྟོག་པ་ནི་བྱ་གཞག་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།  ངས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་སེམས་ཤུགས་སྔར་བས་ཆེ་བའི་སྒོ་ནས་རང་འཁྲིའི་ལས་འགན་ཁག་ཡག་པོ་སྒྲུབ་སྟེ།  དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་བྱེད་རྒྱུ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]