您没有安装FlashPlayer或版本太低, 请点击获得最新版本FlashPlayer
གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་བ་དང་། རྫོང་དེས་ཏང་ཀྲེ་པུའུ ༦ གི་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས ༡༠ སྒྲིག་འཛུགས་ངང་ལས་བྱེད་རྒན་གྲས་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། གམ་པ་རྫོང་གི་སྲིད་འཛིན་གྲོང་ཚོ ༢༩ ལ་ཟབ་སྐྱོད་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་ཡོད་པས། རྫོང་དེའི་མི་རིགས་ཁག་གི་མི་དམངས་ཚོས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།།