ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-10-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ལས་ཀར་སྐུལ་སྤེལ་བརྟན་པོ་དང་གསར་གཏོད་རྒྱ་སྐྱེད་བཏང་བས་ལས་ཞུགས་ཀྱི་སྤུས་ཚད་དང་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།  མི་དེ་བས་མང་བས་ལས་ཞུགས་ལས་གཏོད་ལ་བརྟེན་ནས་འཚོ་བ་ལེགས་བཅོས་དང་དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཡོད།  ལོ་ལྔའི་ནང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ལོ་རེར་ཆ་སྙོམས ༡༣༠༠༠ ལྷག་ཙམ་གསར་དུ་འཕར་སྣོན་བྱུང་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆ ༢.༢ ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
ཉེ་བའི་ལོ་གསུམ་ནང་།  ལྷ་ས་གྲོང་ཁྱེར་གྱིས་རྒྱུན་གཏན་གྱི་ལས་གནས་གསར་སྤེལ་དང་ཟུང་འབྲེལ་བྱས་ནས་ལས་གནས་གསར་སྤེལ་བྱེད་ཚད་ལོ་རེར་ཆ་སྙོམས ༢༠༠༠༠ ཡན་ཟིན་པ་དང་།  སྣེ་མང་ཕུན་སུམ་ཚོགས་པའི་ལས་ཞུགས་ལས་གནས་ཀྱིས་ལས་ཞུགས་ཞབས་ཞུ་ཁག་སྤེལ་རྒྱུ་དང་རྒྱ་ཆེའི་ངལ་རྩོལ་པ་ལས་ཞུགས་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།
ལོ་ལྔའི་རིང་།  ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྤྱི་པའི་ལས་ཞུགས་ཞབས་ཞུ་སྟེགས་བུ་བརྒྱུད་མི ༦༢༠༠༠ ལྷག་ཙམ་ལ་ལས་རིགས་ངོ་སྤྲོད་ཞབས་ཞུ་བྱས་པའི་ནང་ནས་མི ༣༥༠༠༠ ལྷག་ཙམ་ལས་ཞུགས་ཐུབ་ཡོད།  སྤྱི་ལོ ༢༠༡༦ ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུ་སྟེགས་བུ ༡༠༩ བཙུགས་ཏེ་ལས་ཞུགས་ལས་སྐྲུན་གྱི་ཞབས་ཞུ་དེ་གཞི་རིམ་ལ་སྣུར་སྲིང་ཐུབ་ནས་མང་ཚོགས་ཚོས་རང་ས་ནས་ལས་ཀ་འཚོལ་རྒྱུ་མངོན་འགྱུར་བྱུང་ཡོད།
དེ་དང་ཆབས་ཅིག  ལྷ་ས་གྲོང་ཁྱེར་གྱིས་གདན་ཞུའི་ཚོགས་འདུའི་རྣམ་པ་དང་གཞི་ཁྱོན་རྒྱ་ཆེར་ཧུར་ཐག་བཏང་བས་དེང་སྐབས་ཟླ་ངོ་རེ་དང་དུས་ཚིགས་རེ།  ཆེད་དོན་དང་ཕྱོགས་བསྡུས།  ལྗོངས་ནང་ཁུལ་དང་ལྗོངས་ཕྱི།  གྲོང་ཁྱེར་རིམ་པ་དང་རྫོང་རིམ་པ་བཅས་ཟུང་འབྲེལ་གྱི་སྣེ་མང་ཕུན་སུམ་ཚོགས་པའི་གདན་ཞུའི་ཞབས་ཞུ་མ་ལག་གྲུབ་ཡོད། །

ཉེ་བའི་ལོའི་ནང་།  ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལས་གཏོད་བྱ་དགའ་དང་འཚོ་བའི་ཁ་གསབ།  སྤྱི་ཚོགས་འགན་སྲུང་ཁ་གསབ།  གྲངས་ཉུང་ཁག་ཐེག་དངུལ་བུན་སོགས་སྲིད་ཇུས་ཡིག་ཆ་མང་པོ་བཏོན་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་པ་དང་།  ད་བར་ལས་གཏོད་ལེགས་སྒྲུབ་བྱུང་བའི་སློབ་ཆེན་ཐོན་པའི་སློབ་མ ༧༦ ལ་རོགས་སྐྱོར་བྱས་ཡོད་པ་དེ་དག་གི་ལས་རིགས་ནང་སློབ་གསོ་དང་བཟའ་བཏུང་།  ཆ་འཕྲིན་ལག་རྩལ།  ལས་གཞི་འཛུགས་སྐྲུན།  རིག་གནས་བརྒྱུད་སྤེལ་སོགས་ཚུད་ཡོད་པ་དང་མི ༦༠༠ ལྷག་ཙམ་ལས་ཞུགས་བྱེད་རྒྱུར་སྐུལ་ཁྲིད་ཐུབ་ཡོད།  སྤྱི་ལོ ༢༠༡༦ ལོར་ལྷ་ས་གྲོང་ཁྱེར་སྣེ་གསུམ་པའི་ཀུན་གཏོད་ཁུལ་གཏོད་པ་དང་།  སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་ཁེ་ལས ༡༤ ཁུལ་དེར་བཅའ་སྡོད་ཟིན་པ་རེད།  ལོ་གཉིས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མའི་ལས་གཏོད་གླེང་སྟེགས་དང་མུ་འབྲེལ་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དེ་ཡོངས་སུ་ལས་གཏོད་ཀྱི་རྣམ་པ་ཟབ་མོ་གཏོད་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]