您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་གསར་དར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚོགས་འདུ་བཅས་ཀྱི་དགོངས་དོན་དང་། གྲོང་གསེབ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་གྲོང་གསེབ་ཀྱི་ལོག་ཉེན་ཡོད་པའི་ཁང་པ་སྒྱུར་བཟོ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས། རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་ཡོད།
སྤྱི་ལོ ༢༠༡༠ ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་འགོ་བཙུགས་ཏེ། ཆེད་མངག་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་བདེ་སྡོད་གཞུང་ལས་ཁང་བཙུགས་ནས་རང་ལྗོངས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་འགན་འཁུར་བ་མ་ཟད། ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་ལས་དོན་དེ་ཁྱབ་གདལ་བཏང་བ་དང་། ནོར་སྲིད་མ་དངུལ་ཁག ༡༢ གཅིག་བསྡུས་བྱས་ནས་ཞིང་ཁྱིམ་དཔེ་དེབ་ཁང་ལས་གཞི་དང་ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད་ལས་གཞི། འཁོར་བསྐྱོད་གློག་བརྙན་ལས་གཞི་སོགས་འཛུགས་སྐྲུན་བྱས་ཡོད།
གྲོང་གསེབ་ཀྱི་ལོག་ཉེན་ཡོད་པའི་ཁང་པ་སྒྱུར་བཟོའི་ལས་དོན་ནི་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་གྲོང་གསེབ་ཀྱི་ལོག་ཉེན་ཡོད་པའི་ཁང་པ་སྒྱུར་བཟོའི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་། རང་ལྗོངས་གྲོང་གསེབ་ཀྱི་ལོག་ཉེན་ཡོད་པའི་ཁང་པ་སྒྱུར་བཟོའི་ལས་དོན་སྤེལ་སྔ་བ་དང་ཤུགས་ཚད་ཆེ་བ། ཕན་འབྲས་ལེགས་པ་བཅས་བྱུང་ཡོད། སྤྱི་ལོ ༢༠༡༣ ལོའི་ཚུན་དུ། རང་ལྗོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༣༢ ལྷག་ཙམ་བཏང་ནས་ལོག་ཉེན་ཡོད་པའི་དུད་ཚང་ཁྲི་ཚོ ༣༧ ལྷག་ཙམ་གྱི་སྡོད་ཁང་ལ་སྒྱུར་བཟོ་བྱས་པ་རེད། །