您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་མཇུག་སྒྲིལ་ཚོགས་འདུར་ཞུགས་མཁན་འཐུས་མི ༢༣༠༠ ལྷག་ཙམ་སྔ་རྗེས་སུ་གནམ་བདེ་སྒོ་མོ་ཐང་ཆེན་དུ་འབྱོར་བ་དང་། ཁོང་རྣམ་པའི་ཞལ་རས་ནས་དགའ་བའི་འཛུམ་མདངས་རྒྱས་བཞིན་ཡོད་པ་རེད། རང་ལྗོངས་ཀྱི་འཐུས་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་པ་དང་སྤོབས་སེམས་ཆེན་པོས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་རེད། མཇུག་སྒྲིལ་ཚོགས་ཆེན་ཐོག་འཐུས་མི་རྣམ་པས་བརྡས་ཐག་རེ་རེ་བཞིན་གཅོད་པའི་ཐོག་ནས། རང་རེའི་ཏང་ཡོངས་ཀྱི་བློ་སྟོབས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་མཚོན་གྱི་ཡོད་པ་དང་། འབད་འཐབ་དམིགས་ཚད་གསར་པ་བསྒྲུབ་པའི་སེམས་ཤུགས་དང་ཆོད་སེམས་མཚོན་གྱི་ཡོད་པ་རེད།།