རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་མི་རིཌ་ས་ཁོངས་རང་སྐྱོང་ལམ་ལུཌ་བོད་དུ་ལག་ལེན་བསྟར་བ་ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-09-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས།  སྤྱི་ཚེས ༦ ཉིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་ལེན་བསྟར་བ་ལེགས་སྒྲུབ་བྱུང་ཡོད་ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེས་བོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།  རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་ད་བར་ལོ ༥༠ ལས་ཕྱིན་མེད་ཀྱང་བོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་།  ད་ཆའི་བོད་ལྗོངས་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་འོད་སྟོང་འབར་བའི་དུས་སྐབས་སུ་སླེབས་ཡོད་ཅེས་འཁོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་དེར་ཡིག་འབྲུ་ཉིས་ཁྲི་ཉིས་སྟོང་ལྷག་ཙམ་ཡོད་པ་དང་གྲངས་གཞི་དང་དངོས་དོན་འབོར་ཆེན་དྲངས་ཏེ།  ཕྱོགས་བརྒྱད་ཐད་ནས་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་རྗེས་བྱུང་བའི་འཕོ་འགྱུར་ཆེན་པོ་ངོ་སྤྲོད་བྱས་ཡོད་པའི་ནང་།  བོད་རྙིང་པའི་མུན་ནག་དང་རྗེས་ལུས་དང་།  གོང་འཕེལ་ཡར་ཐོན་གྱི་ལམ་བུའི་ཐོག་སྐྱོད་པ།  རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་ཆབ་སྲིད་ལམ་ལུགས།  མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་སྲུང་བྱས་པ།  མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་བ།  ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་བ།  ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱས་པ།  སྐྱེས་ཁམས་ཤེས་དཔལ་འཛུགས་སྐྱོང་བྱས་པ་བཅས་ཚུད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ངོ་མར་འགྱུར་རྒྱུའི་ཐད་ལམ་ལུགས་རང་བཞིན་གྱི་འགན་སྲུང་ཐུབ་ཡོད།  འོན་ཀྱང་ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་རང་བཙན་གྱི་ཆབ་སྲིད་དམིགས་ཡུལ་བཅངས་ནས་དབུ་མའི་ལམ་ཟེར་བ་དང་བོད་ཁུལ་ཆེ་མོ་ཟེར་བ།  ཚད་མཐོའི་རང་སྐྱོང་ཟེར་བ་བཅས་འུད་སྒྲོག་བྱས་ནས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་ལེན་མི་བྱེད་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག  བོད་ལ་ཐོབ་པའི་འཕེལ་རྒྱས་ཡར་ཐོན་ཁས་ལེན་བྱེད་ཀྱི་མེད།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞིའི་རུ་ཚོགས་ཀྱི་ཁ་ཕྲལ་བྱ་སྤྱོད་ཀྱིས་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་ཡོངས་སུ་རྒྱབ་འགལ་བྱས་ནས།  བོད་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བར།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པས།  ཏཱ་ལ་རུ་ཚོགས་ཕམ་ཉེས་སུ་འགྲོ་ངེས་རེད་ཅེས་འཁོད་ཡོད་པ་རེད། 

རྒྱབ་ཤ་དཀར་པོའི་དེབ་ནང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་སྐྱོད་ནས།  མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་ཡོད།  དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མངོན་མངོན་རྗེན་རྗེན་གྱི་ཕན་པ་ཐོབ་པ་དང་།  མི་དམངས་ཀྱི་འཚོ་སྡོད་བྱེད་དབང་དང་གོང་འཕེལ་གཏོང་དབང་ལ་འགན་སྲུང་ནུས་ལྡན་ཐུབ་པ་མ་ཟད་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད།  དེང་གི་བོད་ལྗོངས་སུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཁྲོད་བོད་ཀྱི་རིག་གནས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་།  ལོ་མང་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་བརྩི་འཇོག་གང་ལེགས་གནང་བས།  ཆོས་ལུགས་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བ་ཁག་ཚང་མར་འདྲ་མཉམ་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་པ་དང་།  རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་ལོ་མང་རིང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དཔལ་འབྱོར་གྱི་ཆོས་ཉིད་དང་སྤྱི་ཚོགས་ཀྱི་ཆོས་ཉིད།  རང་བྱུང་གི་ཆོས་ཉིད་བཅས་ལ་གཞིགས་ནས་དཔལ་འབྱོར་དང་སྤྱི་ཚོགས།  སྐྱེ་ཁམས་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་སྣང་ཆེན་བྱས་ནས་རྒྱུན་མཐུད་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད།  ཉེ་བའི་ལོའི་ནང་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་།  སྐྱེ་ཁམས་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་བཏོན་ནས།  བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འཆར་འགོད་བཀོད་སྒྲིག་བྱས་ཡོད་ཅེས་འཁོད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་འདས་ཟིན་པའི་ལོ ༥༠ ནང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད།  བོད་ལྗོངས་འདི་ཉིད་རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པ་དང་དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པ།  བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་བཅས་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་།  སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེ་ནི་བོད་ཀྱི་ལོ་རྒྱུས་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་གྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་ཞིག་ཡིན་པ་དོན་དངོས་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]