ཀྲུང་དབྱང་གི་ཐུཌ་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོཌ་སྐྱོར་འོག་བོད་ཀྱི་ཕྱོཌ་གང་སར་འཕེལ་རྒྱས་ཆེན་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-09-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༡༩༦༥ ལོའི་ཟླ ༩ པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་བདེ་བླག་ངང་སྐོང་ཚོགས་བྱས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་རེད།  ལོ་ལྔ་བཅུའི་རིང་ཀྲུང་དབྱང་གི་དབུ་ཁྲིད་རིམ་བྱོན་དང་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་འོག  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིམ་བཞིན་སྐྱོན་བྲལ་དང་མགྱོགས་མྱུར་ངང་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་ཐུབ་སྟེ།  དབུལ་ཕོངས་ནས་གཞི་རྩའི་ཆར་འབྱོར་འབྲིང་ཡིན་པའི་ཕྱོགས་སུ་སྐྱོད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།  བློ་མཐུན་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་།  ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་དབུ་ཁྲིད་མཉམ་སྡེབ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོའི་ཐོག་ནས།  བོད་ལ་དམིགས་བསལ་སྲིད་ཇུས་དང་བབ་བསྟུན་བྱ་ཐབས་རབ་དང་རིམ་པ་བཏོན་གནང་བས།  བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་བ་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་གི་རྣམ་པ་གསར་པ་བཏོད་པ།  བོད་ལྗོངས་འདི་ཉིད་མགྱོགས་མྱུར་གོང་འཕེལ་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཐེབས་པ།  གཞི་རྩའི་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་བྱུང་བ་བཅས་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་བརྟན་ལྷིང་དང་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་གནང་ནས།  རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་།  ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི་གལ་ཆེའི་བཀའ་སློབ་གནང་བ་དང་།  ཁྲིམས་བཞིན་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན།  མི་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་བཅས་ཀྱི་བོད་ཀྱི་ལས་ཀའི་གལ་ཆེའི་རྩ་དོན་ཁ་གསལ་བཟོས་གནང་སྟེ།  བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགྲོ་ལམ་གསལ་སྟོན་གནང་ཡོད་པ་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ ༣༠ ལྷག་ཙམ་སོང་རིང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པའི་ཐོག་ནས།  བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་ལུགས་གང་ལེགས་མཚོན་གྱི་ཡོད་པ་རེད།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཁ་གཏད་བོད་སྐྱོར་གྱི་སྲིད་ཇུས་བཏོན་ནས་ཁག་བགོས་འགན་ཁུར་དང་ཁ་གཏད་རོགས་སྐྱོར།  དུས་བཀག་རེས་སྐོར་བཅས་ཀྱི་བོད་སྐྱོར་བྱ་ཐབས་ཁ་གསལ་བཟོས་པ་དང་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཐབ་ཇུས་ཁ་གསལ་བཏོན་ཡོད་པ་རེད།   དེང་སྐབས་རྒྱལ་ཡོངས་ཀྱི་ཞིང་ཆེན༼གྲོང་ཁྱེར༽༡༧ དང་ཀྲུང་དབྱང་གི་ཁེ་ལས ༡༧  དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་ ༧༠ བཅས་ཀྱིས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་གོང་འཕེལ་ཡོང་རྒྱུར་ཁ་གཏད་རོགས་སྐྱོར་གནང་བ་དང་།  ད་བར་ཁ་གཏད་བོད་སྐྱོར་ཞིང་ཆེན༼གྲོང་ཁྱེར༽དང་།  རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་།  ཁེ་ལས་བཅས་ཁག་གིས་སྔ་རྗེས་སུ་ཁག་བདུན་གྱི་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ ༦༠༠༠ ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངག་གཏོང་གནང་ཡོད་ལ།  བོད་སྐྱོར་མ་དངུལ་ཡང་སྒོར་དུང་ཕྱུར ༢༦༩ བཏང་སྟེ་བོད་སྐྱོར་རྣམ་གྲངས ༧༠༠༠ ལྷག་ཙམ་ལག་བསྟར་གནང་ཡོད།

ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མཁས་མཛངས་ལྡན་པའི་འཐབ་ཇུས་དང་།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ལ་གཞི་ནས་རླབས་ཆེའི་མཆོང་སྐྱོད་བྱུང་ཡོད་པ་རེད།  དེང་རབས་ཅན་གྱི་བཟོ་གྲྭ་གཅིག་ཀྱང་མེད་པ་ནས་སྣེ་ཁ་འཛོམས་པའི་དམའ་རིམ་དེང་རབས་བཟོ་ལས་མ་ལག་གཅིག་ཆགས་ཡོད་པ་དང་།  གཞུང་ལམ་གཅིག་ཀྱང་མེད་པ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཅིག་ཆགས་ཡོད་པ།  ཐོག་མའི་གཞན་རྟེན་རྣམ་པའི་དཔལ་འབྱོར་ནས་རང་རྐྱ་འཕེར་བའི་ཁྲོམ་རའི་དཔལ་འབྱོར་གྱི་རྣམ་པ་རགས་ཙམ་ཞིག་ཆགས་ཡོད་པ་བཅས་ས་མཐོའི་ཁྱད་ལྡན་གནོད་མེད་ཐོན་ལས་འབོར་ཆེན་ཞིག་དར་བཞིན་ཡོད་པ་རེད།  སྤྱི་ལོ ༡༩༦༥ ལོར་བོད་ཀྱི་ས་གནས་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༣.༢༧ ལས་ཟིན་གྱི་མེད་པ་ནས་སྤྱི་ལོ ༢༠༡༤ ལོར་སྒོར་དུང་ཕྱུར ༩༢༠ བར་འཕར་སྟེ་འཕར་ཚད་ལྡབ ༦༨.༥ ཟིན་ཡོད་པ་རེད།

དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་བ་དང་ཆབས་ཅིག་བོད་ཀྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་རྩིས་ནས་མི་རིགས་ཁག་གི་མི་དམངས་ལ་ཕན་ཡོན་བཟང་པོ་སྐྲུན་ཡོད་པ་རེད། ལོ་ངོ་ ༥༠ ཡི་རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་པའི་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་འཕར་སྣོན་བྱུང་ཡོད་པ་སྟེ།  སྤྱི་ལོ ༢༠༡༤ ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༢.༢༠༡༦ ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༧༣༥༩ ཟིན་པ་དེ་ཁག་སོ་སོར་སྤྱི་ལོ ༡༩༧༨ ལོའི་ལྡབ ༣༩ དང་ལྡབ ༤༢ འཕར་ཡོད་པ་རེད།

སྐབས་རིམ་བྱོན་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།  ས་གནས་ཀྱི་ཁྲིམས་འཛུགས་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ལས་འགན་ཞིག་ལ་བརྩིས་ནས།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ་དང་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ཡོད་པ་རེད།  སྤྱི་ལོ ༢༠༡༥ ལོའི་ཟླ ༧ པ་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།  ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་འབྲེལ་ཡོད་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་གཏན་འབེབས ༣༠༢ ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱས་པའི་ནང་།  ད་ལྟ་ལག་བསྟར་བྱེད་བཞིན་པའི་གོ་ཆོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ ༡༢༤ ཡོད་པ་མ་ཟད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འཆར་ཟིན ༣༠༠ ལྷག་ཙམ་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པས།  རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུར་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]