༡༩༦༥ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-07-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ།

སྤྱི་ལོ ༡༩༥༤ ལོའི་ཟླ ༡༡ པར་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲབས་འཛུགས་ཚོགས་ཆུང་བཙུགས་པ་དང་།  སྤྱི་ལོ ༡༩༥༥ ལོའི་ཟླ ༣ པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབ་ལ་གྲོས་འཆམ་གནང་བ།  སྤྱི་ལོ ༡༩༥༦ ལོའི་ཟླ ༤ ཚེས ༢༢ ཉིན་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། 
སྤྱི་ལོ ༡༩༦༥ ལོའི་ཟླ  པའི་ཚེས ༡༧ ཉིན།  ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་མི་དམངས་ཚོའི་རེ་འདུན་ལྟར་བོད་དུ་དམངས་གཙོའི་བཅོས་བསྒྱུར་སྔ་སྣུར་དུ་བྱས།  སྤྱི་ལོ ༡༩༦༥ ལོའི་ཟླ  པའི་ཚེས ༢༤ ཉིན།  བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱོགས་ལ་བོད་རང་སྐྱོང་ལྗོངས་འཛུགས་རྒྱུའི་སྐོར་གྱི་དགོངས་སྐོར་སྙན་ཞུ་འཕུལ་བ་དང་།  སྤྱི་ལོ ༡༩༦༥ ལོའི་ཟླ པའི་ཚེས ༢༥ ཉིན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས ༡༥ པ་འཚོགས་ཏེ། བོད་རང་སྐྱོང་ལྗོངས་འཛུགས་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མོས་མཐུན་བྱེད་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་གཞིར་ཆོག་མཆན་སྤྲད་པ་དང་སྦྲགས་གྲོས་ཆོས་ལ་གྲོས་འཆམ་བྱུང་བ་རེད།
 སྤྱི་ལོ ༡༩༦༥ ལོའི་ཟླ པའི་ཚེས ༣༠ ཉིན།  རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཨུད་ཀྱི་ཚོགས་འདུ་མཇུག་ཤོས་དེ་འཚོགས་པ་དང་།  ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོར་བཏོན་པའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་ཡོད་པ་དང་བསྟུན་ནས།  བོད་རང་སྐྱོང་ལྗོངས་གྲབས་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལོ་རྒྱུས་ཀྱི་འོས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་ཟིན་པ་རེད།

སྤྱི་ཟླ པའི་ཚེས ཉིན།  ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད།  དེ་ཉིན་ནས་བཟུང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དེ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་མིང་སྒྱུར་བྱས་པ་དང་ཆབས་ཅིག  ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་ཁག་ཀྱང་ས་གནས་ཨུ་ཡོན་ལྷན་ཁང་དུ་མིང་སྒྱུར་བྱས་ཡོད།

སྤྱི་ཟླ པའི་ཚེས ཉིན།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་ཟབ་རྒྱས་ངང་འཚོགས་པ་དང་།  ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཤའེ་ཧྥུ་ཀྲེ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་སྦྲགས།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་གནང་བ་རེད།

  ༼  ཡིག་བསྒྱུར་བློ་དབང་། མིག་ཚེ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]