པཎ་ཆེན་རིན་པོ་ཆེས་ཏར་འཕྲིན་བཏང་གནང་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བར་བཀྲ་ཤིས་སྨོན་འདུན་ཞུས་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-09-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བའི་སྐབས་སུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་རྟེན་འབྲེལ་ཏར་འཕྲིན་བཏང་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད་པ་རེད།

རྟེན་འབྲེལ་ཏར་འཕྲིན་ནང༌།  ལོ་ངོ་ ༥༠ རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་བཟང་པོའི་གཟི་བྱིན་འོག  བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ་དང་ཁེ་དབང་ཁག་འགན་སྲུང་ནུས་ལྡན་ཐུབ་པ།  ཆོས་དད་རང་མོས་གང་ལེགས་བྱུང་བ།  སྤྱི་ཚོགས་བྱ་གཞག་ཁག་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་བཅས་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ཅེས་འཁོད་ཡོད་པ་རེད། 
རྟེན་འབྲེལ་ཏར་འཕྲིན་ནང་།  བོད་ཀྱིས་དེང་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པས།  རྒྱ་ཆེའི་བོད་རྒྱུད་ནང་བསྟན་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལམ་དུ་འགོད་པའི་བསླབ་བྱ་སེམས་ལ་བརྟན་པོར་ངེས་ཏེ།  རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་སྲུང་བརྩི་ཞུ་བ་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་དང་
མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ།  བོད་རྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱེད་རྒྱུར་སྐུལ་འདེད་ནན་ཏན་གཏོང་བ།  རྒྱ་ཆེའི་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་དམ་ཟབ་བྱས་ཐོག་བདེ་སྐྱིད་ལྡན་པའི་བོད་ལྗོངས་དང་དུས་བདེའི་བོད་ལྗོངས།  མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་གྲ་རྒྱས་ཡར་ཐོན་ཡོང་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]