རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་གྱི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2015-09-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་གྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།  རྒྱལ་ཡོངས་སྲིད་གྲོས།  ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་ཏར་འཕྲིན་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་རིང་ཀྲུའུ་ཞི་ཡུལ་ཀྲེང་ཧྲེང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གྲེན་ཆོན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་རིང་།  ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ལ་བརྩིས་ཏེ།  རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ།  བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་སེམས་དང་དུས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཧུར་ཐག་གཏོད་དགོས་པའི་མཛུབ་སྟོན་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་བ་དེ་གོ་སྐབས་དང་སྒུལ་ཤུགས་སུ་རྩིས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་བིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་།  ལྷག་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ།  ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ།  བོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་།  མི་རིགས་མཐུན་སྒྲིལ།  ཆོས་ལུགས་འཆམ་མཐུན།  དམངས་འཚོ་ལེགས་བཅོས།  སྐྱེ་ཁམས་ལེགས་པོ།  ཏང་འཛུགས་སྐྱོང་ལ་ཤུགས་སྣོན།  མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་།  ཁྲིམས་བཞིན་བོད་སྐྱོང་དང་ཁྲིམས་བཞིན་རྒྱལ་སྐྱོང་གི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ།  ཁྲིམས་སྐྱོང་གི་བསམ་ཕྱོགས་དང་བྱ་ཐབས་ཀྱི་ཐོག་ནས་མཐའ་མཚམས་བཅོས་སྐྱོང་དང་བོད་ལྗོངས་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་སྤེལ་གཏོང་དགོས་པ།  ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཁྲིམས་བཞིན་གཏིང་ཟབ་སྤེལ་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་།  ཁྱོན་ཡོངས་བརྟན་ལྷིང་བཅས་འགན་སྲུང་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ།  དམངས་ཕྱུག་བོད་དར་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པ་མ་ཟད།  བོད་ལྗོངས་དར་རྒྱས་ཡོང་བའི་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་སར་རྩིས་ཏེ་མི་རིགས་ཁག་གི་མང་ཚོགས་གོང་འཕེལ་ནང་ཞུགས་ཚད་དང་གྲུབ་འབྲས་ཐོབ་པའི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས།  བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན།  ཁྱིམ་གཞིས་མཛེས་པ།  མི་རིགས་མཐུན་སྒྲིལ།  ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་དུས་བཀག་ལྟར་སྐྲུན་ཐུབ་པ་བྱེད་དགོས་པ་དང་།  ཡུན་རིང་བོད་སྐྲུན་རྒྱུན་འཁྱོངས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་ཐོག་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས།  སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༡༢༠ ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་བོད་ལྗོངས་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ།  མི་སེམས་གཅིག་སྒྲིལ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པ།  མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་མང་ཚོགས་ཀྱིས་འཚོར་ཐུབ་པ་དང་མི་རིགས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པ།  རྨང་གཞི་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་ཤུགས་དང་དངོས་ཤུགས།  ནོར་ཤུགས་བཅས་གཞི་རིམ་ལ་ཕྱོགས་པ་དང་རྨང་གཞི་འཛུགས་པ་དང་ཕུགས་ཕན་གྱི་ལས་དོན་མང་ཙམ་སྒྲུབ་སྟེ།  གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་ཐོག་ཏང་གིས་ཏང་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ།  ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་སྟེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད།  བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་སེམས་དཀར་བྱེད་པ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་རང་བཞིན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ།  གོམ་སྟབས་གཅིག་མཚུངས་བཅས་ཡོང་བ་བྱེད་དགོས་པ།  ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་ཏེ་བོད་ལྗོངས་འདི་ཉིད་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་།  གསོ་རླུང་དཀོན་པ་དང་ཆ་རྐྱེན་ཞན་པ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་གཙོ་བོ་བཅས་ཡིན་ན་ཡང་།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ཐོག  ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱས་ཏེ།  སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྣང་ཚུལ་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]