您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ལོ ༢༠༡༤ ལོར། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྟོབས་ཆེའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་། ལྷག་པར་དུ་ཞིང་འབྲོག་ཚན་པས་ཐོག་མཐའ་བར་གསུམ་དུ་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཐོག་གཞག་ནས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། ཞིང་འབྲོག་ཁུལ་གྱི་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི་ཞིང་གསུམ་ལས་ཀར་གྲུབ་འབྲས་གསར་པ་ཐོབ་ནས། ན་ནིང་། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར ༡༩.༢༦ བཏང་བའི་ནང་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ནང་མ་ཚུད་པའི་མ་དངུལ་སྒོར་དུང་ཕྱུར ༡༢.༥༣ ཁ་སྣོན་བྱས་ཡོད་པ་རེད།།