རང་ལྗོངས་ཀྱི་དེང་དུས་རྫ་དང་དཀར་ཡོལ་རིག་གནས་ཞིབ་འཇུག་གླིང་ཐོག་མ་དེ་ལྷ་སར་བཙུགས།

ཡོངས་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན། རྩོམ་པོ།  བོད་ལྗོངས་འཕྲིན་དྲ། སྤེལ་དུས།  2021-04-26

རང་ལྗོངས་ཀྱི་དེང་དུས་རྫ་དང་དཀར་ཡོལ་རིག་གནས་ཞིབ་འཇུག་གླིང་ཐོག་མ་དེ་སྤྱི་ཟླ་བཞི་པའི་ཚེས ༢༤ ཉིན་ལྷ་སར་བཙུགས་པ་དང་།  རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་རྫ་ཆས་དང་དཀར་ཡོལ་གྱི་སྒྱུ་རྩལ་མཁས་པ་དང་།  རྫ་ཆས་དང་དཀར་ཡོལ་རིག་གནས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་སོགས་ནས།  རང་ལྗོངས་ཀྱི་དེང་དུས་རྫ་ཆས་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་ཐད་གྲོས་བསྡུར་གནང་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་རྫ་ཆས་ལོ་རྒྱུས་རིང་པོ་ཡོད་པ་དང་གནའ་རྫས་བརྟག་དཔྱད་དཔྱད་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ཆབ་མདོའི་ཁ་རུབ་གནའ་ཤུལ་ནས་ཐོན་པའི་གནའ་རྫས་ཁྲོད་རྫ་ཆས་མང་པོ་ཡོད་པའི་ཐོག་ནས།  རྡོ་ཆས་གསར་མའི་དུས་སུ་བོད་མི་རིགས་ཚོས་གདོད་མའི་རྫ་ཆས་བཟོ་སྟངས་ཤེས་ཀྱི་ཡོད་པ་མངོན་ཡོད།
ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་ཁྲོད།  རྫ་ཆས་དང་དཀར་ཡོལ་བཟོ་རྩལ་སོགས་ཀྱི་ཐོག་ནས་ཀྱང་བོད་རྒྱ་མི་རིགས་དབར་གྱི་མཐུན་སྒྲིལ་མངོན་ཐུབ་ཀྱི་ཡོད།  ཞིབ་འཇུག་ཁང་བཙུགས་རྗེས་རྫ་དང་དཀར་ཡོལ་རིག་གནས་ཐོན་ཁུངས་ཀྱི་གྲངས་གཞི་བསྡུ་རུབ་དང་ཤེས་ལྡན་པ་གསོ་སྐྱོང་།  གྲུབ་འབྲས་གསོག་ཉར་སོགས་ཀྱི་ལས་དོན་སྤེལ་ཏེ།  རང་ལྗོངས་ཀྱི་རྫ་དང་དཀར་ཡོལ་གྱི་རིག་གནས་སྙན་གྲགས་དེ་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།།

༼རྩོམ་སྒྲིག་ནོར་བུ།༽
ལོགས་སུ་ཉར་བ།  

ནོར་བུ་ག...

西藏人物

མི་སྣའི་...