རང་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཁང་གླ་ཉུང་གཏོང་དང་རྩ་ཆག་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ཀྱི་ནད་ཡམས་ལ་ཁ་གཏད་བཅག་སྟེ་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཐོག  དཔལ་འབྱོར་དོ་མཉམ་དང་བརྟན་པོའི་ངང་འཁོར་རྒྱུག་རྒྱུན་སྲིང་ཐུབ་པ་བྱེད་རྒྱུའི་སྲིད་ཇུས་བྱ་ཐབས་འགའ་ཞིག་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་།  ལྗོངས་སྲིད་གཞུང་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁང་གླ་ཉུང་གཏོང་དང་རྩ་ཆག་གཏོང་རྒྱུའི་ལག་བསྟར་ཇུས་གཞི་བཟོས་པ་རེད།
སྤྱི་ལོ ༢༠༢༠ ལོའི་ཟླ་དང་པོའི་ཚེས ༢༩ ཉིན་རང་སྐྱོང་ལྗོངས་ཀྱིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ལག་བསྟར་བྱེད་འགོ་བཙུགས་པ་ནས་སྤྱི་ལོ ༢༠༢༠ ལོའི་ཟླ ༥ པའི་ཚེས ༣༡ ཉིན་བར།  རང་སྐྱོང་ལྗོངས་སྲིད་གཞུང་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་མ་འཇོག་ཁེ་ལས་ཀྱིས་ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དོན་དངོས་བོགས་མར་ལེན་མཁན་ལ་ཟླ་བ་གཅིག་གི་ཁང་གླ་གཅོག་རྒྱུ་དང་།  དེའི་རྗེས་ཀྱི་ཟླ་བ་རེར་ཁང་གླ་ཕྱེད་ཀ་ལས་ལེན་རྒྱུ་མིན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]