བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་ལ་ལྟ་ཚད་ཁྲི་ཚོ༥༠ལས་བརྒལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་སྒོ་དབྱེ་བྱས་ཚུན།  རྒྱ་ཆེའི་དྲ་གྲོགས་ཚོས་རྒྱུན་མཐུད་དོ་ཁུར་བྱས་ཡོད་པ་དང་།  སྤྱི་ཟླ ༣ པའི་ཚེས ༢༨ ཉིན་གྱི་ཐོ་རེངས་བར་ལྟ་ཐེངས་བྱེད་ཚད་ཁྲི་ཚོ ༥༠ ལས་བརྒལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ད་རེས་ཀྱི་འགྲེམས་སྟོན་དེ་སྨྱན་སྦྱོར་གསར་པའི་སྟེགས་བུས་གཞི་རྟེན་བྱས་ཏེ་དྲན་གསོ་ཁང་ཧྲིལ་པོ་མངོན་པར་བྱེད་པའི་ལག་རྩལ་བེད་སྤྱད་པ་དང་།  སྣ་མང་སྨྱན་སྦྱོར་གྱི་སྤེལ་རེས་པར་རིས་རིམ་བརྩེགས་དང་སྒྲ་བརྙན་ཕབ་སོགས་ཀྱི་རྣམ་པ་བཟུང་ནས་འདྲ་པར ༣༠༠ ཙམ་དང་།  བརྙན་ཕབ ༡༠ ལྷག་ཙམ།  པར་རིས་ལོ་རྒྱུས་དཔྱད་གཞི ༤༠༠ ཙམ་གྱི་ཐོག་ནས་གསོན་ཉམས་དོད་པོས་འགྲེམས་སྟོན་བྱས་ཡོད།
དྲ་ཐོག་འགྲེམས་སྟོན་བྱས་ཚུན་རྒྱ་ཆེའི་དྲ་གྲོགས་ཚོས་དྲ་ཐོག་འགྲེམས་ཁང་གི་ཇུས་འགོད་བྱེད་མཁན་གྱི་ཐབས་རྩལ་ལ་བསྔགས་བརྗོད་བྱས་པ་མ་ཟད་རླབས་ཆེའི་གྲུབ་འབྲས་ལ་ཡང་བསྔགས་བརྗོད་བྱས་ཡོད།
དེ་དང་ཆབས་ཅིག  དྲ་ཐོག་འགྲེམས་ཁང་ལ་རྒྱ་ཆེའི་དྲ་གྲོགས་ནས་ལྟ་རྒྱུར་སྐུལ་མ་གཏོང་ཆེད།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ད་དུང་དྲ་ཐོག་གི་དྲི་བར་དྲི་ལན་འདེབས་པའི་བྱེད་སྒོ་སྤེལ་ཡོད་ཅིང་།  སྤྱི་ཟླ ༣ པའི་ཚེས ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་བར་མི ༢༠༠༠ ལྷག་ཙམ་བྱེད་སྒོ་དེའི་ནང་ཞུགས་པ་དང་།  མི ༢༠༠ ལྷག་ཙམ་གྱིས་དྲི་བར་དྲི་ལན་བཏབ་པར་སྦྱངས་འབྲས་བཟང་པོ་ཐོབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]