ཏིང་གཡས་ཤན་ནས་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་དེ་བས་སྤུས་ལེགས་དང་གང་ལེགས་ཐུབ་པ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་རྒྱུར་ཞབས་འདེགས་ཞུ་རྒྱུ་དེ་སློབ་གསོའི་གལ་ཆེའི་འོས་འགན་ཞིག་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས།  དུས་རབས་གསར་པའི་ལས་ཞུགས་ཐབས་ལམ་ལག་བསྟར་བྱེད་པ་དང་འགན་འཁྲིའི་ལམ་ལུགས་དང་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་བྱས་ཏེ།  སྦྲེལ་མཐུད་གནད་འཕིགས་ངང་རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ད་ལོའི་ལས་ཞུགས་ལས་ཀའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཅང་ཅེ་དང་ཁྲེན་ཡུང་ཆི།  ཀྲང་ཧུང་པོའོ་བཅས་ཚོགས་འདུར་ཕེབས་ཡོད།
སྙན་ཞུ་དང་སྤེལ་རེས་གཏམ་བཤད་གསན་རྗེས་ཏིང་གཡས་ཤན་ནས།  གྲོང་ཁྱེར༼ས་ཁུལ༽གྱི་གཏོགས་ཁོངས་ཀྱི་འགན་འཁྲི་དང་ཚན་པའི་འགན་ནུས་ཀྱི་འགན་འཁྲི།  སློབ་ཆེན་གྱི་སློབ་གསོ་ཁྲིད་སྟོན་གྱི་འགན་འཁྲི་བཅས་ནན་པོ་འཁུར་ཏེ།  གཙོ་གནད་མངོན་ཆེར་འཛིན་པ་དང་ཐུན་མོང་ཐོག་ཤུགས་འདོན་བྱས་ནས།  གཞི་རིམ་གྱི་སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཤེས་ལྡན་པ་མཁོ་སྤྲོད་བྱེད་རྒྱུའི་འཁོར་རྒྱུག་བཟང་པོ་ཡོང་བ་བྱེད་དགོས་པ་དང་།  ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་ནས་ཕྱོགས་གཅིག་ནས་རང་ངོས་ཀྱི་གཏིང་ཤུགས་སྔོག་སྤེལ་བྱེད་པ་དང་།  ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་སུ་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ལས་ཞུགས་བོད་སྐྱོར་གྱི་རྒྱབ་སྐྱོར་བྱེད་ཤུགས་དེ་བས་མང་བ་བརྩོན་ལེན་བྱེད་པ་དང་།  ཕྱོགས་ཡོངས་དང་བང་རིམ་མང་པོའི་ཐོག་ནས་ལས་ཀའི་ཕན་འབྲས་ཐོན་པ་བྱེད་དགོས་པ།  རིམས་ནད་འགོག་ཟོན་དང་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ།  རིམ་ཁག་ཚན་པ་ཁག་གི་ཏང་གཤིས་རྩ་དོན་དང་ལས་ཀའི་འཇོན་ཐང་ལ་ཚོད་བགམ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ལ་རྩིས་ནས།  ཕུགས་ཕན་ལམ་སྲོལ་འཐུས་ཚང་བཟོས་ཏེ་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་དེ་བས་སྤུས་ལེགས་དང་གང་ལེགས་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]