ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཚང་མ་ལས་ཀ་བསྐྱར་ཚུགས་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དེང་སྐབས།  ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཚང་མ་ལས་ཀ་བསྐྱར་ཚུགས་ཟིན་པ་དང་།  ཁེ་ལས་ཁག་ཀྱང་ཕྱོགས་ཡོངས་ནས་ཐོན་སྐྱེད་སླར་གསོ་ཐུབ་སྟེ་ད་བར་མི ༡༠༠༠ ལྷག་ཙམ་ལས་ཞུགས་བརྟན་པོ་བྱུང་ཡོད།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རིམ་བཞིན་སྐུལ་འདེད་བཏང་བ་དང་བསྟུན་ནས།  ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཨར་སྐྲུན་ཁུལ་དུ་བཟོ་པ་ཚོས་འབྲེལ་ཡོད་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

སྤྱི་ལོ ༢༠༡༨ ལོ་ནས ༢༠༡༩ ལོའི་བར་གྱི་སྤྱི་པའི་བོགས་གཏོང་ཁང་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་ཡུལ་དུ་ཡང་བཟོ་པ་ཚོས་ལས་ལ་བྲེལ་བཞིན་ཡོད།  ཀྲུང་གོ་ལྕགས་ལམ་ཅུས ༡༤ པའི་ཆབ་མདོའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ལས་དཔོན་ཀྲང་ཏུང་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  རྣམ་གྲངས་ཁག་ཟླ་བ་གཅིག་ལྷག་ཙམ་ནར་འགྱངས་བྱས་ཡོད་ཀྱང་།  སྤྱི་ཟླ ༣ པའི་ཚེས ༡༠ ཉིན་ལས་ཀ་བསྐྱར་ཚུགས་བྱེད་འགོ་ཚུགས་པ་ནས་བཟུང་།  ཨར་སྐྲུན་ཚན་པས་ས་གནས་དེ་གའི་འཕྲུལ་ཆས་དང་ངལ་རྩོལ་ནུས་ཤུགས་ལ་གང་ལེགས་བརྟེན་ཏེ།  ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་ལས་ཕྱོད་མཐོ་རུ་བཏང་ཡོད།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་གྱི་ལྕགས་ཁ་ཟམ་པ་བརྒྱ་ཆ ༧༠ སྐྲུན་ཟིན་ཡོད།  ལྕགས་ཁ་ཟམ་པའི་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ཟམ་པ་སྐྲུན་ཡུལ་དུ་ད་ཆ་བཟོ་པ ༢༥ དང་དོ་དམ་པ ༨ ཡོད་པ་དང་།  རྗེས་སུ་ད་དུང་ལས་མི་མང་དུ་བཏང་སྟེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་ཆ་རྐྱེན་འོག  ལས་ཀ་བསྐྱར་ཚུགས་བྱས་རྗེས་ཀྱི་ལས་ཕྱོད་མཐོ་རུ་བཏང་ནས་སྤྱི་ཟླ ༥ པའི་ཟླ་མཇུག་ཏུ་རྣམ་གྲངས་རྩིས་སྤྲོད་ཐུབ་པ་བྱེད་རྒྱུ་རེད།  ལྕགས་ཁ་ཟམ་པ་དེ་ནི་སྐྲུན་བཞིན་པའི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གྲོང་སྲིད་གཞུང་ལམ་རྣམ་གྲངས་ཀྱི་གྲས་ཤིག་རེད།  ཟམ་པ་དེ་གྲོང་ཁུལ་ནས་འབབ་ཐང་བར་དང་རྫོང་ཁག་ཏུ་སྐྱོད་ཡུལ་གལ་ཆེན་ཞིག་ཡིན་པར་བརྟེན་ལམ་ཕྱེད་བཀག་སྡོམ་རྣམ་པའི་ཐོག་ནས་ལས་ཀ་ཁག་སྒྲུབ་བཞིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་ཁག་དང་ཁེ་ལས་ཁག་གི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱུང་རྗེས།  ཆབ་མདོས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་ཆེད།  བོད་དུ་ཡོང་མཁན་གྱི་བཟོ་པ་ཚོར་ལོགས་སྡོད་ཀྱི་བྱ་ཐབས་ནན་པོ་བཟུང་བ་དང་བཀག་སྡོམ་རྣམ་པའི་ཨར་སྐྲུན་བྱེད་པ།  དུས་བཀག་ལྟར་འགག་གནད་ཁག་ལ་དུག་སེལ་བྱེད་པ།  དུས་བཀག་ལྟར་ལས་བཟོ་པར་ཚ་བ་ལྟ་བ་མ་ཟད་ཟིན་ཐོ་ཞིབ་ཕྲ་འགོད་པ་བཅས་བྱེད་ཀྱི་ཡོད། །

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]