རང་ལྗོངས་ཀྱིས་ཁེ་ལས༡༥ལ་ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྤྲད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རིམས་ནད་ཐོན་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས།  ཏོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་གི་མ་དངུལ་ཕྱིར་སློག་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ།  ལྗོངས་ཡོངས་སུ་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད། 

རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།  ནོར་སྲིད་ཐིང་།  འཕེལ་བསྒྱུར་ཨུ་ལྷན།  སྐྱེ་ཁམས་ཁོར་ཡུག་ཐིང་།  དཔལ་འབྱོར་དང་ཆ་འཕྲིན་ཐིང་སོགས་འགན་ནུས་སྡེ་ཚན་གྱི་མཛུབ་ཁྲིད་དང་རོགས་རམ་འོག  ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ནས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་མ་དངུལ་ཕྱིར་སློག་གི་ལས་དོན་སྤེལ་མགྱོགས་སུ་བཏང་བ་དང་།  ལས་གནས་མཁོ་འདོན་མང་ཙམ་བྱེད་མཁན་བོད་ལྗོངས་ཐེན་ཧའེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་སྣེ་འདྲེན་ཁེ་ལས ༡༥ ལ་སྒོར་ཁྲི ༢༦༥.༩ ཕྱིར་སློག་བྱས་པ་རེད།

སྲིད་ཇུས་ཀྱི་ཕན་པ་རྒྱུན་མཐུད་ཐོབ་པ་བྱ་ཆེད།  རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་རང་སྐྱོང་ལྗོངས་རིམ་པ་འདི་ག་དང་ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་མ་དངུལ་ཕྱིར་སློག་གི་ལས་སྒོ་ཁག་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་པ་དང་།  དེ་མིན་གྲོང་ཁྱེར༼ས་ཁུལ༽ཁག་གིས་སྤྱི་ཟླ ༥ པའི་ཟླ་མཇུག་གོང་ལས་གནས་བརྟན་གཏོང་མ་དངུལ་ཕྱིར་སློག་གི་ལས་སྒོ་ཁག་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]