ཆེ་དགྲ་ལྷས་ཁྲེང་ཀོན་ཆུས་ཀྲེས་ཀྲའོ་ས་གཙང་འབྱུང་འཕྲོད་ཐོན་ལས་སྡེ་གླིང་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲེས་ཀྲའོ་ས་གཙང་འབྱུང་འཕྲོད་ཐོན་ལས་སྡེ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད།
ཆེ་དགྲ་ལྷས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དང་བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སིར།  བཞོན་མ་གསོ་ཚགས་དང་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱེད་ཚུལ་ཐད་གཟིགས་ཞིབ་གནང་སྐབས།  དཀར་ཆུའི་ཐོན་རྫས་ནི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།  རང་ལྗོངས་ནི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པ་དང་།  དཀར་ཆུའི་ཐོན་རྫས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུར་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད་པས།  ང་ཚོས་དཀར་ཆུའི་ཐོན་རྫས་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མར་དང་འོ་མ་གསོས་པ་ཁྲོམ་རའི་ཐོག་འདོན་རྒྱུ་འགན་ལེན་བྱས་ནས།  རྒྱ་ཆེའི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་སྤུས་ལེགས་ཀྱི་དཀར་ཆུའི་ཐོན་རྫས་མཁོ་འདོན་བྱེད་དགོས་པ་དང་།  ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་རྒྱུར་བརྟེན་ནས་བཞོན་མའི་གསོ་ཚགས་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་སྟེ།  སྤུས་ལེགས་དཀར་ཆུའི་ཐོན་རྫས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ།  ས་གཙང་སྤུས་རྟགས་ཏན་ཏིག་གཏོད་དེ་ཁྲོམ་རར་དབྱེ་ཞིབ་གནད་འཕིགས་བྱེད་པ་དང་།  ཐོན་རྫས་དང་ཐོན་ལས།  བཀོད་ཁྱབ་བཅས་ཀྱི་གྲུབ་ཆ་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཐོག  ཐོན་ལས་འཁོར་སྦྲེལ་ཧུར་ཐག་གཏོད་དེ་འབྱུང་འཕྲོད་དང་སྤུས་ལེགས།  ཁྱད་ལྡན།  སྤུས་རྟགས་བཅས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ།  རྣམ་གྲངས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་བྱེད་པ་དང་།  སྒྲུབ་ཤེས་པ་དང་སྒྲུབ་མཁས་པའི་ཐོག་ནས་ཐོན་ལས་གོང་འཕེལ་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས།  དབུལ་གྲོལ་སྔར་བས་བརྟན་པོ་ཡོང་བ་དང་དབུལ་གྲོལ་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

ཆེ་དགྲ་ལྷས་ཧུད་ཆོན་དངོས་ལས་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བྲིན་ཚོང་དང་འཁོར་རྒྱུག་རྣམ་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ།  ཐོན་ཁུངས་ལེགས་སྒྲིག་ནུས་ལྡན་བཅས་བྱས་ཏེ་སྤུས་རྟགས་གཅིག་བསྡུས་ཐུབ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་དགོས་པ་དང་།  སློབ་ཆེན་སློབ་ཐོན་སློབ་མར་ལས་གནས་མཁོ་འདོན་ཧུར་ཐག་བྱེད་པ་དང་།  ཕུལ་བྱུང་གཞོན་ནུའི་ཚོང་གཉེར་དཔུང་ཁག་གང་མགྱོགས་གསོ་སྐྱོང་བྱས་ཏེ།  ཡུལ་ལུང་ཅན་གྱི་ཐབས་ཇུས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]