ཆབ་མདོས་ཆུ་ཤུགས་གློག་ཁང་གི་ལས་གྲྭ་བརྟན་པོའི་ངང་སྐྲུན་བྱེད་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཆུ་ཤུགས་གློག་ཁང་གསར་སྤེལ་རྣམ་གྲངས་ཁྲོད་ད་ཆ་སྐྲུན་བཞིན་པའི་སོལ་བ་ལུང་དང་།  ཡེར་པ་ཐང་།  འབའ་ཐང་།  ལ་འོག་གློག་ཁང་ས་ཚིགས་བཅས་ཀྱི་ལས་གྲྭ་བརྟན་པོའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཆུ་ཤུགས་གློག་ཁང་གསར་སྤེལ་རྣམ་གྲངས་ལ་སྔ་ཕྱི་བསྡོམས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢༢༡.༤༢ བཏང་ཟིན་པ་རེད།  གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་འཛུགས་སྐྲུན་འཆར་གཞིའི་བཀོད་སྒྲིག་དང་རྣམ་གྲངས་ཀྱི་མཚམས་ཚིགས་གལ་ཆེན་ལྡོག་སྒྲིག་གི་འཕེལ་རིམ་ལ་དམིགས་ནས།  སྤྱི་ལོ ༢༠༢༠ ལོར་ཆུ་ཤུགས་གློག་ཁང་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར ༣༠ ཡན་གཏོང་རྒྱུ་དང་།  གློག་འདོན་འཕྲུལ་འཁོར་གྱི་གློག་གཤོང་ཚད་ཝ་སྟོང་ཚན་ཁྲི་ཚོ་བརྒྱ་ཡན་མང་དུ་གཏོང་བའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]