རང་ལྗོངས་སུ་སྨན་སྤྱོད་ཁ་རས་ཐོན་སྐྱེད་བྱེད་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ པའི་ཉིན་གྱི་ཕྱི་དྲོ།  རང་ལྗོངས་ཀྱི་སྨན་སྤྱོད་ཁ་རས་བཟོ་གྲྭ་ཐོག་མ་དེས་དངོས་སུ་ཁ་རས་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ།  རང་ལྗོངས་སྨན་སྤྱོད་དངོས་ཟོག་ཐོན་སྐྱེད་ཐད་ཀྱི་སྟོང་ཆ་བསྐངས་པ་རེད།

རིམས་འགོག་དངོས་ཟོག་གལ་ཆེན་ཞིག་གི་ངོས་ནས་མང་ཚོགས་ཚོའི་ཁ་རས་དགོས་མཁོ་ཤིན་ཏུ་ཆེ་བས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་།  བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་ཐོན་ལས་མཉམ་སྡེབ་ཚད་ཡོད་ཀུང་སི་དང་།  བོད་ལྗོངས་མཁན་པ་དཀར་པོ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སི།  བོད་ལྗོངས་ནམ་གནས་ཚེ་སྲོག་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་གྱིས་མཉམ་འབྲེལ་ཐོག  རང་ལྗོངས་སུ་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་དེ་བཙུགས་པ་རེད། 
སྤྱི་ཟླ ༢ པའི་ཚེས ༧ ཉིན།  ཁ་རས་བཟོ་གྲྭ་གྲབས་འཛུགས་ཀྱི་ལས་འགན་དཀྲིས་རྗེས་ཁེ་ལས་གསུམ་པོས་འཕྲལ་མར་བཟོ་གྲྭ་འཛུགས་སྐྲུན་གྱི་ལས་ཀ་ཚ་ཚ་འུར་འུར་སྤེལ་ཞིང་།  སྒྲིག་བཀོད་གྲབས་སྡུད་ནུས་ལྡན་དང་མགྱོགས་པོ་བྱས་ཏེ་ཐོན་སྐྱེད་ཐུབ་པ་བྱ་ཆེད།  འབྲེལ་ཡོད་མི་སྣས་ཉིན་མཚན་ལྟོས་མེད་ངང་དངོས་ཟོག་ཉོ་སྒྲུབ་ལས་དོན་སྤེལ་བ་དང་།  སྤྱི་ཟླ ༣ པའི་ཚེས ༣༡ ཉིན།  ཁ་རས་ཐོན་སྐྱེད་སྒྲིག་ཆས་ཐོག་མ་དེ་ལྷ་སར་བདེ་བླག་ངང་འབྱོར་ནས་འཕྲལ་མར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཐོན་སྐྱེད་ཚོད་ལྟ་བྱས་པ་རེད།  དེ་དང་དུས་མཚུངས་ལག་རྩལ་ཚན་པས་ཀྱང་དུས་ཐོག་ཏུ་དེའི་ནང་ཞུགས་ཏེ་ཁ་རས་ཀྱི་ཚད་གཞི་ལོན་རྒྱུར་ལག་རྩལ་གྱི་འགན་སྲུང་བྱས་པ་རེད།  སྤྱི་ཟླ ༤ པའི་ཚེས ༦ ཉིན།  ཁ་རས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཉིན་རེར་ཁ་རས་ཁྲི་ཚོ་བརྒྱ་ཐོན་སྐྱེད་བྱེད་རྒྱུ་ཡིན་ཞིང་།  སྨན་རྫས་ལྟ་སྡོམ་ཚན་པས་ཞིབ་བཤེར་ཚད་ལེན་བྱས་ནས་ཚད་གཞི་ལོན་རྗེས་དངོས་སུ་ཁྲོམ་རར་མཁོ་འདོན་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]