རང་ལྗོངས་ཀྱི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ཕྱོགས་ཡོངས་ནས་རང་འགུལ་ཅན་དུ་གྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གནམ་གཤིས་ཅུས་ཀྱི་གཅིག་འགྱུར་བཀོད་སྒྲིག་ལྟར།  སྤྱི་ཟླ ༤ པའི་ཚེས ༡ ཉིན་ནས་བཟུང་།  རང་ལྗོངས་སུ་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་དུ་བསྒྱུར་བཅོས་བྱ་རྒྱུ་དེ་རྒྱལ་ཡོངས་དང་མཉམ་དུ་སྤེལ་བ་དང་།  ཚོད་ལྟའི་ལས་གཉེར་ནས་དངོས་སུ་ལས་སྒོ་གཉེར་སྐྱོང་བར་ལེགས་སྒྲིག་བྱས་ཏེ།  གནམ་གཤིས་ས་ཚིགས་ཁག་གི་མི་ཐབས་ཀྱིས་དུས་བཀག་ཐོག་ལྟ་ཞིབ་ཚད་ལེན་བྱེད་པ་དང་རྒྱུན་གཏན་གྱི་སྡོད་བྱ་སོགས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་མེད་པར་བཟོས་ནས།  མི་ཐབས་ཀྱི་བབ་བསྟུན་ལྟ་ཞིབ་ཚད་ལེན་ནུས་པ་སོར་འཇོག་བྱས་ཏེ་བབ་བསྟུན་དང་ཡང་ན་དམིགས་བསལ་གྱི་ལས་ཀའི་བླང་བྱ་ལྟར་བབ་བསྟུན་ལྟ་ཞིབ་དང་ཚད་ལེན་བྱེད་རྒྱུ་རེད།

རང་ལྗོངས་སུ་ད་བར་རྒྱལ་ཁབ་རིམ་པའི་སྡོད་བྱ་བྱེད་མཁན་ཡོད་པའི་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས ༣༩ ཡོད་ཅིང་།  གནམ་གཤིས་ས་ཚིགས་མང་ཆེ་བའི་རང་བྱུང་ཆ་རྐྱེན་ཞན་པ་དང་ཡུན་རིང་ནང་མི་སྣ་མི་འདང་བ་དང་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ལྕི་བ།  ལས་ཀའི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་འཕྲད་ཡོད།  ཐེངས་འདིའི་ས་ངོས་ཀྱི་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་དུ་བསྒྱུར་བཅོས་བྱས་རྗེས།  ཉིན་ལྟར་མི་ཐབས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་མེད་པ་བཟོས་པ་དང་།  རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐེངས་དེ་མི་ཐབས་ཀྱི་ལྟ་ཞིབ་ཚད་ལེན་ལས་ལྡབ ༤ ནས ༨ བར་འཕར་ནས།  གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]