ལྗོངས་ཏང་ཨུད་ཀྱི་རེས་འཁོར་བདུན་པའི་སྐོར་གཟིགས་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་འཁོར་བདུན་པའི་སྐོར་གཟིགས་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་སྐབས་དགུ་པ་ལྷ་སར་འཚོགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝེ་ཏུང་ཚོགས་འདུར་ཕེབས་པ་མ་ཟད་སྐུལ་སློང་བཀོད་སྒྲིག་ཀྱང་གནང་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཡུང་ཆི་ཡིས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་རེས་འཁོར་དྲུག་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་།  རེས་འཁོར་བདུན་པའི་སྐོར་གཟིགས་ཙུའུ་ཀྲང་གི་དབང་བསྐུར་འགན་བཞེས་དང་ལས་འགན་ལས་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།  
ཝང་ཝེ་ཏུང་གིས་སྐོར་གཟིགས་ཚོགས་ཆུང་ཁག་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ལམ་ཚད་གཞིར་བྱས་ཏེ་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིར་དམ་པོར་དམིགས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་མངོན་ཆེར་འཛིན་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་ཧེ་བག་དང་ཆབ་སྲིད་ཀྱི་ཧེ་བག  འགན་འཁྲིའི་ཧེ་བག་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ།  གྲོང་ཁྱེར་དང་རྫོང་རིམ་པའི་ཏང་ཨུད་ཀྱིས་འགན་འཁྲི་ཡག་པོ་སྒྲུབ་རྒྱུར་ལྟ་སྐུལ་ནུས་ལྡན་དང་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]