ལྗོངས་ཡོང་སུ་ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན།  ལྗོངས་ཡོངས་ཀྱི་ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་བཀོད་སྒྲིག་གི་སྤྱི་ལོ ༢༠༢༠ ལོའི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་བསྟན་ཁོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  
བསྟན་ཁོས་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་རྒྱུ་དེ་གནས་བབ་ཆེ་ཤོས་སུ་བཞག་ནས་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་བཅོས་སྒྲིག་དོན་འཁྱོལ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ།  སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་གཙོ་བོ་བྱེད་པ།  གཙོ་གནད་ལས་འགན་མངོན་ཆེར་འཛིན་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་རིག་གཞུང་སློབ་སྦྱོང་དང་།  བླ་སྤྲུལ་ཡང་སྲིད་ངོས་འཛིན་ལས་དོན་ཐད་ཀྱི་དོ་དམ་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ།  དྲིལ་བསྒྲགས་བཅས་ལ་དམ་འཛིན་ཧུར་ཐག་བྱས་ནས་བཅོས་སྒྲིག་དོན་འཁྱོལ་དང་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་བྱེད་པ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་ཆོས་ལུགས་བཅོས་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན།  དེང་རབས་ཅན་བཅས་སུ་འགྱུར་ཚད་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]