པ་སྣམ་རྫོང་གིས་སྔོ་ཚལ་ཐོན་ལས་བརྒྱུད་དབུལ་ཕོངས་མང་ཚོགས་འབབ་འཕར་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་འབྱུང་འཕྲོད་སྔོ་ཚལ་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་པའི་ལམ་སྲོལ་བཙུགས་ནས།  དབུལ་ཕོངས་མང་ཚོགས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་གོང་འཕེལ་ནང་ཞུགས་སུ་བཅུག་སྟེ།  འབབ་འཕར་བརྟན་པོ་དང་ལས་ཞུགས་བརྟན་པོ།  ཕྱུག་འགྱུར་བརྟན་པོ་བཅས་ཡོང་བ་བྱས་པ་རེད།   
པ་སྣམ་རྫོང་གིས་དབུལ་སྐྱོར་ཐོན་ལས་གླིང་དང་སྣེ་འདྲེན་ཁེ་ལས།  མཉམ་ལས་ཁང་།  ཞིང་དུད་བཅས་གཞི་གཅིག་ཏུ་སྒྲིལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་བྱ་དགའི་ཁ་གསབ་དང་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད།  དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་དུས་འགོའི་གཏོང་འཇོག་གི་གནད་དོན་ཐག་གཅོད་བྱས་པ་དང་།  ཁེ་ལས་དང་སྲིད་གཞུང་མཉམ་ལས་བརྒྱུད་ལག་རྩལ་ཞབས་ཞུ་དང་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།  དབུལ་ཕོངས་དུད་ཚང་དེ་འདེབས་འཛུགས་གསོ་ཚགས་བྱེད་མཁན་ཆེ་གྲས་དང་མཉམ་ལས་ཁང་གི་ཁོངས་མི།  ཐོན་ལས་བཟོ་པ་བཅས་ལ་འགྱུར་བ་བྱས་ནས་རྒྱུན་མཐུད་ངང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།  ད་བར་རྫོང་དེ་ཡོངས་ཀྱི་ཞིང་དུད ༣༠༠༠ ལྷག་ཙམ་སྔོ་ཚལ་ཐོན་ལས་གོང་འཕེལ་གཏོང་བའི་ལས་ཀར་ཞུགས་ནས།  ཆ་སྙོམས་དུད་ཚང་རེར་ལོའི་ཡོང་འབབ་སྒོར ༣༠༠༠༠ ཡན་རེ་ཡོང་གི་ཡོད།  རྫོང་དེ་ཡོངས་སུ་དབུལ་སྐྱོར་གནད་འཕིགས་ཐོན་ལས་རྣམ་གྲངས་ཀྱི་ཁེ་ཕན་ཟུང་འབྲེལ་གྱི་དོ་དམ་བྱ་ཐབས་བཟུང་ནས་ཚོང་གཉེར་བྱེད་པོ་དང་དབུལ་སྐྱོར་གྲོས་མཐུན་བཞག་སྟེ།  དབུལ་ཕོངས་ཁྱིམ་ཚང་གི་ངལ་ནུས་ཡོད་མཁན་ལ་ལས་ཞུགས་ལས་གནས ༡༩༤ གསར་སྤེལ་བྱས་ནས་མི་རེར་ལོའི་ཆ་སྙོམས་འབབ་འཕར་སྒོར ༥༠༠༠༠ ཡན་རེ་ཟིན་པ་དང་།  ཁེ་སྤོགས་སྒོར་ཁྲི་ཚོ ༡༠༠༠ ལྷག་ཙམ་སྤྲད་དེ་དབུལ་ཕོངས་མང་ཚོགས་མི་ཐེངས ༧༨༠༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད།   
དེ་དང་ཆབས་ཅིག  པ་སྣམ་རྫོང་སྔོ་ཚལ་ཐོན་ལས་རྣམ་གྲངས་ཁྲོད་ས་ཞིང་མུའུ ༤༡༠༠ ལྷག་ཙམ་བརྒྱུད་བཤུག་བྱས་ནས་མང་ཚོགས ༢༠༠༠ ལྷག་ཙམ་ལ་བརྒྱུད་བཤུག་མ་དངུལ་སྒོར་ཁྲི་ཚོ ༤༠༠༠ ལྷག་ཙམ་སྤྲད་པ་དང་།  མང་ཚོགས་ཚོས་འདེབས་འཛུགས་བྱས་པའི་སྔོ་ཚལ་རྒྱ་མ་ཁྲི་ཚོ ༡༠.༢ ཁེ་ལས་ཀྱིས་ཉོ་སྒྲུབ་བྱས་ཡོད་པས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་ཚོ ༢༠༠ ལྷག་ཙམ་བྱུང་ཡོད།  རང་ངོས་ཀྱི་ངལ་རྩོལ་དང་ཚོང་གཉེར་གྱི་ཡོང་འབབ་གནས་ཚུལ་ལ་གཞིགས་ནས།  དབུལ་ཕོངས་ཁྱིམ་ཚང་གི་ངལ་ནུས་ཡོད་མཁན་ལ་བྱ་དགའི་ཁ་གསབ་སྤྲད་པ་དང་།  རྫོང་དེ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས ༤༤༣༩ ལ་སྔ་ཕྱི་བསྡོམས་བྱ་དགའི་ཁ་གསབ་སྒོར་ཁྲི་ཚོ ༩༨༠ ལྷག་ཙམ་སྤྲད་དེ།  དབུལ་ཕོངས་མང་ཚོགས་ཀྱི་རང་བདག་དབུལ་གྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]