ཅང་ཅེས་འཛམ་གླིང་ཐོག་གི་མཐའ་མའི་ས་གཙང་དེ་སྲུང་སྐྱོང་གང་ལེགས་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༩ ཉིན།  རང་སྐྱོང་ལྗོངས་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་འབྱུང་འཕྲོད་བཟོ་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ།  དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་འབྱུང་འཕྲོད་བཟོ་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཅང་ཅེ་ཡིས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་ཡག་པོ་སྲུང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་མངོན་ཆེར་འཛིན་ནས།  རང་བྱུང་འཐུང་ཆུའི་ཐོན་ལས་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་སྦགས་བཙོག་མེད་པའི་ཐོན་ལས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  བློ་བརྟན་འགྱུར་མེད་ངང་འབྱུང་འཕྲོད་ཐོན་ལས་གོང་འཕེལ་གྱི་ལས་ཀའི་གཙོ་གནད་དོན་ཐོག་ཏུ་འཁྱོལ་བ་བྱེད་པ།  སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  གྲོང་ཁྱེར༼ས་ཁུལ༽གྱི་འགན་འཁྲི་ནན་པོ་དཀྲི་བ།  དཔྱད་ཞིབ་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱས་ཏེ།  འཛམ་གླིང་ཐོག་གི་མཐའ་མའི་ས་གཙང་དེ་སྲུང་སྐྱོང་གང་ལེགས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]