རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་ལྗོངས་ཡོངས་ཀྱི་བདེ་འཇགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ།  གྲོང་ཁྱེར༼ས་ཁུལ༽ཁག་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་ཞུ་ཉན་པ་དང་།  དུས་བབ་ལ་དབྱེ་ཞིབ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་ལྗོངས་ཡོངས་ཀྱི་བདེ་འཇགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ནོར་བུ་དོན་གྲུབ་དང་ཅང་ཅེ།  སྤེན་པ་བཀྲ་ཤིས།  ཧོ་ཝུན་ཧའོ་སོགས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་ནས་དུས་བབ་གསར་པའི་ལས་འགན་གསར་པའི་འོག  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པ།  བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས།  སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་གཞི་རྩའི་ཆ་ནས་འཐུས་ཚང་བཟོ་བ་དང་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ།  སྤྱི་ཚོགས་ཀྱི་ཉེན་ཁ་སེལ་བ་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་ལ་འགྱུར་བ་བྱེད་དགོས་པ་དང་།  སྔོན་འགོག་དང་ཚོད་འཛིན་ཟུང་འབྲེལ་དང་འཐབ་ཇུས་ཀྱི་རང་འགུལ།  རིམས་ནད་ལ་འགོག་རྒོལ།  འགལ་ཟླ་འགག་སྒྲོལ།  དྲ་བའི་ཚན་རྩལ།  བདེ་འཇགས་འགན་སྲུང་།  བབ་བསྟུན་ཐག་གཅོད་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ།  དོན་འཁྱོལ་དམ་འཛིན་བྱས་ནས་འདུ་ཤེས་ཟབ་ཏུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱས་ནས་འཇོན་ཐང་ཆེ་རུ་བཏང་སྟེ།  བདེ་འཇགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

ཀྲོང་ཡན་ནས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པ།  གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བདེ་འཇགས་འགན་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དང་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་གི་དོན་དངོས་ཕན་འབྲས་ཐོག་ནས།  ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་འདོད་བློ་ཁེངས་པོ་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]