དུས་ཚིགས་དང་པོར་རང་ལྗོངས་སུ་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར༨.༨ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༠ ཉིན།  བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ལོ ༢༠༢༠ ལོའི་དུས་ཚིགས་དང་པོའི་ཁྲལ་འབབ་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། 

ཚོགས་འདུའི་ཐོག ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཁྲལ་དོན་ཚན་པའི་ཁྲལ་འབབ་སྒོར་དུང་ཕྱུར ༡༠༣.༦ ལྷག་ཙམ་ཟིན་པ་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁྲལ་གྲོན་གསར་པ་ཁག་དྲུག་ནང་དོན་ཚན ༢༤ བཏོན་ནས་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར ༡.༨ ཟིན་ཡོད།  ན་ནིང་རྒྱལ་ཁབ་ནས་བཏོན་པའི་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ད་ལོ་མུ་མཐུད་ལག་བསྟར་བྱས་པས།  ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར ༨.༨ ཟིན་ཏེ་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༠.༧ ཟིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]