བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པས་གྲོས་གཞི༢༧ཕུལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པས་འགན་སྒྲུབ་ནན་ཏན་ངང་ཐབས་དང་ཇུས་ཧུར་ཐག་བཏོན་གནང་ཡོད།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་སྤྱི་ཚེས ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད ༨ པ་བར།  བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པས་ཚོགས་ཆེན་ལ་དཔལ་འབྱོར་དང་སྤྱི་ཚོགས།  སྐྱེ་ཁམས་ཤེས་དཔལ་བཅས་འཛུགས་སྐྱོང་དང་སྨན་བཅོས་འཕྲོད་བསྟེན་སོགས་ཕྱོགས་མང་པོ་དང་འབྲེལ་བའི་གྲོས་གཞི ༢༧ ཕུལ་ཡོད་པའི་ནང་།  མཉམ་འབྲེལ་མཚན་བཀོད་གྲོས་གཞི ༦ དང་ཨུ་ཡོན་སྒེར་གྱི་གྲོས་གཞི ༢༡ ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  གྲོས་གཞི་ཚང་མ་ནི་ཨུ་ཡོན་རྣམས་པས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་བསྡུས་གང་ལེགས་གནང་བ་ཞིག་ཡིན་པ་དང་།  རྒྱལ་ཁབ་ནས་བོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་གནང་རྒྱུ་དང་།  བོད་ཀྱི་གཞི་རིམ་ལག་ལེན་གྱི་རྩ་ཆེའི་ཉམས་མྱོང་གཞི་ཁྱོན་དེ་བས་ཆེ་བའི་ནང་ཁྱབ་གདལ་ཐུབ་པ་བྱེད་རྒྱུ་སོགས་ཀྱི་གྲོས་འགོ་ཤ་སྟག་རེད།
གྲོས་གཞི་འདོན་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།  བོད་ལྗོངས་སྲིད་གྲོས་གཞུང་ལས་ཐིང་གིས་མི་སྣ་དམིགས་བཙུགས་ངང་འབྱོར་བའི་གྲོས་གཞིར་འཕྲལ་མར་རིགས་དབྱེ་བྱས་ཤིང་།  རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་ནུས་ཚན་པའི་གྲོས་འཆར་བསྡུ་ལེན་བྱས་པ་མ་ཟད་གཏན་འཁེལ་འགྲོ་ལུགས་བཞིན་ཞིབ་བཤེར་བྱ་རྒྱུར་ཡང་ཕུལ་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]