རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོར་ཀྲུང་དབྱང་སྨྱན་སྦྱོར་གྱིས་དོ་ཁུར་ཤུགས་ཆེ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པར་ཀྲུང་དབྱང་སྨྱན་སྦྱོར་གྱིས་དོ་ཁུར་ཆེན་པོ་བྱས་ཡོད་པ་རེད།  རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིང་དུ་འབྱོར་བ་ནས་བཟུང་།  ཀྲུང་དབྱང་སྨྱན་སྦྱོར་མང་པོས་དོ་ཁུར་ཆེན་པོ་བྱས་ཡོད་པ་དང་།  མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་དར་སྨྱན་སྦྱོར་ཐོག་ང་ནི་དུང་ཕྱུར་བཅུ་བཞིའི་ཆ་ཤས་ཤིག་ཡིན་ཞེས་པའི་བརྙན་ཐུང་སྤེལ་ཏེ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་གི་རྒྱུན་གཏན་ལས་ཀ་དང་དོ་ཁུར་བྱེད་ཁོངས་བཀོད་ཡོད། 
ཤིན་ཧྭ་གསར་འགྱུར་ཐོག་མི་དམངས་འཐུས་ཚོགས་ཀྱི་འགོ་ཚུགས་ཚོགས་འདུའི་ཟུར་བྲིས་ནང་།  རང་ལྗོངས་ཀྱི་འཐུས་མི་རྣམས་མི་དམངས་ཚོགས་ཁང་ཆེ་མོའི་ནང་ཕེབས་བཞིན་པའི་པར་རིས་ཆེན་པོ་ཞིག་བཀོད་དེ།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པའི་དུས་རབས་ཀྱི་ཉམས་བཟང་མངོན་པར་བྱས་ཡོད་པ་དང་།  འགན་སྒྲུབ་གཏམ་རྒྱུད་ཅེས་པའི་ཤིན་ཧྭ་བརྙན་ཐུང་ནང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་པེ་ཅིང་དུ་ཚོགས་འདུར་མ་ཕེབས་གོང་གི་ལས་དོན་ཁག་ལ་བརྟག་ཞིབ་གནང་ཚུལ་ངོ་སྤྲོད་བྱས་ནས།  ཁོང་གིས་དབུལ་གྲོལ་འགག་སྒྲོལ་ལས་ཀར་དོ་ཁུར་གནང་ལུགས་མཚོན་པར་བྱས་ཡོད། 
ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་གྱི་ཆེད་སྒྲིག་པར་གཞི་དེང་སྐབས་ཀྱི་དབུལ་གྲོལ་འགག་སྒྲོལ་ཞེས་པའི་ནང་།  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི་གོང་འཕེལ་དང་འགྱུར་ལྡོག་གསར་པའི་སྐོར་བཀོད་དེ།  གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྙིང་སྟོབས་མངོན་པར་བྱས་ཡོད།  ཀྲུང་གོའི་དྲ་རྒྱ་ཞེས་པའི་ཐོག་དབུལ་སྐྱོར་གྲུབ་འབྲས་མངོན་ནས་ཞིང་ཆེན་བཅོ་ལྔའི་དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་ཅེས་པའི་ནང་ཐོག་མར་བོད་ལྗོངས་སུ་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]