མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༢༥ ཉིན་གྱི་ཉིན་གུང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་འཐུས་མིའི་འགྲོ་ལམ་ཞེས་པ་བརྒྱུད།  མཐའ་མཚམས་ཁུལ་དུ་གནས་པའི་མེ་ཏོག་རྫོང་གི་སློབ་གསོའི་གོང་འཕེལ་གསར་པ་དང་།  མོན་པ་རིགས་ཀྱི་བུ་ཕྲུག་ལུང་ཁུག་ནས་ཕྱིར་སྐྱོད་དེ་རང་ཉིད་ཀྱི་ལས་དབང་ལ་འགྱུར་བ་གཏོང་ཚུལ་སྐོར་རྒྱལ་ཡོངས་མི་དམངས་ལ་ངོ་སྤྲོད་གནང་ཡོད།  སྐལ་བཟང་བདེ་སྐྱིད་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་ཕེབས་ཤིང་མོན་པ་རིགས་ཡིན་པ་དང་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་རེད།

ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས།  འཐུས་མི་སྐལ་བཟང་བདེ་སྐྱིད་ལགས་སྐུ་ཁམས་བཟང་།  ཁྱེད་རང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་ཕེབས་པ་ཞིག་ཡིན་པ་དང་ནང་སའི་བོད་ལྗོངས་སློབ་གྲྭ་འགྲིམས་མྱོང་ཡང་ཕ་ཡུལ་དུ་ཕྱིར་ལོག་གནང་སྟེ་སློབ་གསོའི་བྱ་གཞག་ནང་ཞུགས་གནང་ཡོད།  ལོ ༡༩ ཡི་རིང་ཁྱེད་ཀྱི་ཕ་ཡུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡོད་པ་དང་།  མོན་པ་རིགས་ཀྱི་ཕྲུ་གུ་ཚོའི་སློབ་སྦྱོང་གནས་ཚུལ་གང་འདྲ་ཡོད་དམ་ཅེས་འདྲི་སྐབས།

འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས།  ང་ནང་སར་སློབ་སྦྱོང་བྱེད་རིང་ཁྱིམ་དུ་ཐེངས་གཅིག་ལས་ལོག་མྱོང་མེད།  དེ་དུས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་མཐོང་སྐབས་སེམས་ནང་སྐྱོ་སྣང་སྐྱེས་བྱུང་།  ངའི་ཕ་ཡུལ་མཛེས་པོ་ཡོད་ཀྱང་འགྲིམ་འགྲུལ་སྟབས་བདེ་པོ་མེད།  ཕ་ཡུལ་གྱི་མང་ཚོགས་རྣམས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བར་སློབ་གསོ་ནི་འགག་རྩ་ཡིན་པས།  རང་ཉིད་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་སློབ་གསོའི་བྱ་གཞག་ནང་ཞུགས་རྒྱུའི་བསམ་བློ་འཁོར་བྱུང་ལ།  སྤྱི་ལོ ༢༠༠༡ ལོར་སློབ་གྲྭ་ཐོན་ནས་སྤང་ཞིང་ཤང་སློབ་ཆུང་དུ་དགེ་རྒན་བྱས་པ་ཡིན།  སྐབས་དེ་དུས་སློབ་མས་སློབ་བྱོལ་དུ་འགྲོ་བའི་སྣང་ཚུལ་ཅུང་ཚབས་ཆེན་པོ་ཡོད་པ་མ་ཟད།  ད་དུང་སློབ་མཚམས་ཆད་ཚད་ཀྱང་ཅུང་མཐོ་པོ་ཡོད་སྟབས།  དུས་ཡུན་རིང་པོ་ཞིག་གི་ནང་སློབ་མ་སློབ་གྲྭར་བསྐོང་ཐུབ་པ་བྱ་རྒྱུ་དེ་ང་ཚོའི་ལས་ཀ་གཙོ་བོར་གྱུར་ཡོད་ཅེས་གསུངས།

སྐལ་བཟང་བདེ་སྐྱིད་ཀྱིས།  སྤྱི་ལོ ༢༠༡༣ ལོར་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་རྗེས་གྲོང་མི་ཚོའི་ལྟ་བར་འགྱུར་ལྡོག་བྱུང་བ་དང་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་ཡོད།  ང་ཚོའི་སློབ་གཉེར་ཆ་རྐྱེན་ཡང་ཇེ་ཡག་ཏུ་ཕྱིན་པ་དང་།  སློབ་གྲྭར་སུམ་ཐོག་ཅན་གྱི་སློབ་ཁྲིད་ཐོག་ཁང་བརྒྱབ་ཅིང་ཕྲུ་གུ་ཚོར་ཚན་རིག་ཚོད་ལྟ་ཁང་དང་རོལ་དབྱངས་ཁང་ཡང་ཡོད་པ་མ་ཟད།  ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཕྲུ་གུ་རྣམས་ད་དུང་ཁྱིམ་དུ་དྲ་ཐོག་ནས་སློབ་ཚན་ཉན་ཐུབ་པ་བྱུང་ཡོད།  ད་ཆ་ང་ཚོ་མོན་པ་རིགས་ཀྱི་ཕྲུ་གུ་སློབ་གྲྭར་ཞུགས་ཚད་དང་སློབ་ཆུང་ནས་དམའ་རིམ་སློབ་འབྲིང་དུ་སློབ་རིམ་འཕར་ཚད་གཉིས་ཀ་བརྒྱ་ཆ་བརྒྱ་ཟིན་གྱི་ཡོད།  སློབ་གསོའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་མོན་པ་རིགས་ཀྱི་ཕྲུ་གུ་དེ་བས་མང་བ་རི་ཁུལ་ནས་ཐོན་ཏེ་རང་ཉིད་ཀྱི་མདུན་ལམ་གསར་པ་གཏོད་བཞིན་ཡོད།  ཏང་དང་སྲིད་གཞུང་གི་སྣེ་ཁྲིད་དང་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག  ང་ཚོ་མོན་པ་རིགས་ཀྱི་མི་དམངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་སེ་འབྲུའི་རྡོག་པོ་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་གྱི་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]