སྤྱི་ཚེས༢༥ཉིན་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༢༥ ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ལྗོངས་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་ཚོགས་འདུ་འཚོགས་ཏེ།  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་ཡོད།  བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་གྲོས་ཞིབ་ནང་ཞུགས་ཡོད།

འཐུས་མི་རྣམ་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲོས་གཞིར་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་བྱེད་རྒྱུར་ཕུལ་ཡོད།  ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བརྟན་ལྷིང་གི་གལ་ཆེའི་རྨང་གཞི་ཞིག་དང་།  རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་ནི་སྤུན་ཟླ་ཤང་ཀང་བ་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གནས་ས་ཞིག་རེད།  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟུང་བའི་སྤྱིའི་ལྟ་བ་ལག་བསྟར་དང་།  ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བརྟན་པོ་དང་ཡུན་རིང་ཐུབ་པ།  ཤང་ཀང་ཡུན་རིང་བདེ་འཁོད་དང་ཡུན་རིང་གྲ་རྒྱས་བརྟན་ལྷིང་ཡོང་བའི་གཞི་རྩའི་ཐབས་ཇུས་ཞིག་བཅས་ཡིན་པའི་ངོས་འཛིན་གནང་ཡོད།

ཚང་མས་གཅིག་མཇུག་གཉིས་མཐུད་ངང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་རྒྱུར་རེ་སྒུག་ཟབ་མོ་འཆང་ཡོད་པ་དང་།  རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར།  མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་རྒྱུའི་འགྱུར་མེད་སྙིང་སྟོབས་འཆང་ཡོད་ལ།  གྲ་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་ཡང་འགན་སེམས་ཆེན་པོ་བཅངས་བ་དང་ཀུན་སེམས་གཅིག་ཏུ་སྒྲིལ་ཡོད་པས།  མི་སུ་འདྲ་ཞིག་དང་བྱ་ཐབས་གང་རུང་ཐོག་ནས་སྤུན་ཟླ་ཤང་ཀང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བ་དང་།  ཤང་ཀང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བ།  ཤང་ཀང་གི་གྲ་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་མཐའ་ཚད་ལ་འགྲན་རྒོལ་བྱེད་པ་བཅས་ང་ཚོས་གཏན་ནས་བྱེད་དུ་འཇུག་གི་མ་རེད་ལ་བཟོད་སྒོམ་སྤུ་ཙམ་ཡང་བྱེད་ཀྱི་མ་རེད།  ཏང་ལ་ལྷག་བསམ་རྣམ་དག་གི་སྲོལ་རྒྱུན་བཟང་པོ་ང་ཚོས་རྒྱུན་འཛིན་དང་དར་སྤེལ་བཏང་ནས།  མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་མཚོན་ཡག་པོ་བྱས་ཏེ་ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུ་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་སྣེ་ཁྲིད་དང་།  མི་དམངས་དུང་ཕྱུར་མང་པོ་ལས་གྲུབ་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཡོད་པས།  ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱི་རྒྱལ་ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱས་ནས་ཤང་ཀང་དུ་ཟིང་ཆ་སློང་མཁན་ཚོའི་རེ་ངན་སྟོང་པར་འགྱུར་ངེས་ཡིན་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ལོ་རྒྱུས་རླབས་རྒྱུན་ལ་འགོག་ཐབས་མེད་ལ་ཞུམ་མེད་མདུན་བསྐྱོད་བྱེད་ངེས་ཡིན་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]