ཅང་ཅེས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་ཟོན་ཡག་པོ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅེ་ཡིས།  ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས།  དེང་སྐབས་ཀྱི་ཏོག་གསར་གློ་ཚད་འགོག་ཟོན་དུས་བབ་ལ་དབྱེ་ཞིབ་གནང་བ་མ་ཟད།  ནད་ཡམས་འགོག་ཟོན་གྱི་དུས་མཚམས་རྗེས་མའི་རང་ལྗོངས་ཀྱི་གཙོ་གནད་ལས་ཀར་ཞིབ་འཇུག་ཀྱང་གནང་བ་རེད།
ཅང་ཅེ་ཡིས་བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་མཐའ་མཚམས་ས་གནས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ནད་ཡམས་ཕྱི་ནས་མི་འགོས་པ་བྱེད་པའི་ལས་འགན་ལྕི་པོ་ཡོད་པས།  ནད་ཡམས་འགོག་ཟོན་གྱི་ལྟེ་བ་དེ་དང་དམ་པོར་བསྟུན་ཏེ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས།  ནད་ཡམས་ཕྱི་ནས་མི་འགོས་པ་བྱེད་པ་དང་ནང་དུ་སླར་ཡང་མི་ཐོན་པ་བྱེད་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་།  ནད་ཡམས་ཕྱི་ནས་འགོས་ཁྱབ་ཡོང་རྒྱུ་སྔོན་འགོག་ཚོད་འཛིན་བྱེད་པའི་གཙོ་གནད་མངོན་ཆེར་འཛིན་ཏེ་གཙོ་གནད་མི་ཚོགས་དང་ས་ཆ། འགག་སྒོ་བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ནད་ཡམས་འགོག་ཟོན་གྱི་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས་པ།  ཕྱི་རྒྱལ་གྱི་ཁེ་ལས་དང་ལོག་ལུས་མི་སྣའི་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་པ་དང་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་ཞིབ་ཚགས་བཟོས་ཐོག ནད་ཡམས་ཀྱི་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་པ་དང་།  མང་ཚོགས་ལ་ཚན་རིག་དང་མཐུན་པའི་འགོག་སྲུང་ལེགས་པོ་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས། རིམས་ནད་ཀྱི་འབྱུང་རྩ་གསར་པ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་ནད་ཡམས་འགོག་ཟོན་གྱི་གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པས་རྐང་རྗེས་ལག་སུབ་ཏུ་མི་འགྲོ་བ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]