རང་ལྗོངས་ཀྱིས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་སྤེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ།  ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སྤྱི་ཟླ་དང་པོ་ནས་བཞི་པའི་བར་གྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་ཡོད་ལ།  དེང་སྐབས་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་དང་བཟོ་ལས་ཁེ་ལས་ནང་གནས་མུས་ཀྱི་དཀའ་ངལ་དང་གནད་དོན་གཙོ་བོར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་མ་ཟད།  བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་ཐད་ལ་ཡང་བླང་བྱ་ཁ་གསལ་བཏོན་པ་རེད།   
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།   
ཅེང་ཅེ་ཡིས་འབྲེལ་ཡོད་ཚན་པ་ཁག་ནས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།  ཐོན་སྐྱེད་དང་བྲིན་ཚོང་མཐུན་སྦྱོར་གྱི་སྦྲེལ་ཟམ་བཙུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་རྨང་གཞི་འདིང་དགོས་པའི་ཐད་ནན་གསུངས་གནང་བ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]