ལྷ་སས་ཡུལ་སྐོར་དཔལ་འབྱོར་རིམ་བཞིན་སླར་གསོ་ཐུབ་པ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཚན་པས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྤེལ་བ་དང་ཆབས་ཅིག  ངེས་གནས་གནད་འཕིགས་འཛུགས་པ་དང་ལས་སྟེགས་རྒྱ་སྐྱེད་གཏོང་བ།  རྩེ་གྲ་གཏོད་པ་སོགས་ཀྱི་ཐོག་ནས་ཡུལ་སྐོར་དཔལ་འབྱོར་རིམ་བཞིན་སླར་གསོ་ཡོང་རྒྱུར་རམ་འདེགས་བྱས་པ་རེད། 
མི་རིང་བའི་གོང་གཉེར་བའི་སྤྱི་ལོ ༢༠༢༠ ལོའི་ལྷད་མེད་ཀྱི་འདམ་གཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཐོག  ཡུལ་སྐོར་བ་དང་ས་ཆ་དེ་གའི་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ངང་གངས་ལྗོངས་ས་མཐོའི་མཛེས་ལྗོངས་མྱོང་རོལ་བྱས་པ་རེད། 
ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བའི་གནས་ཚུལ་འོག  འདམ་གཞུང་རྫོང་གི་ཡུལ་སྐོར་ལས་རིགས་རིམ་བཞིན་སླར་གསོ་ཡོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད།  འདམ་གཞུང་རྫོང་གིས་དྲ་ཐོག་དང་དེ་མིན་སྟེགས་བུ་བརྒྱུད་ཡུལ་སྐོར་རིག་གནས་དུས་ཆེན་གྱི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པ་དང་ཆབས་ཅིག  རྫོང་དཔོན་སྐུ་ངོ་མ་ཐད་གཏོང་ཐོག་ཞུགས་ནས་འདམ་གཞུང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་དབྱར་རྩྭ་དགུན་འབུ།  ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་ཤིང་།  ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་ཚུགས་ཉིན་མོ་ཁོ་ནར་ཆུ་ཚོད་བཞིའི་ཐད་གཏོང་བརྒྱུད་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་ཚོ ༢༦༠ བྱུང་ཡོད། 
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་འཆི་མེད་ཚེ་རིང་གིས།  དྲ་ཐོག་གི་ཐད་གཏོང་བརྒྱུད་ཕྱོགས་གཅིག་ནས་འདམ་གཞུང་ཁུལ་ཁོངས་ཡོངས་སུ་ཡུལ་སྐོར་དྲིལ་བསྒྲགས་བྱས་པ་དང་།  ཕྱོགས་གཞན་ཞིག་ནས་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་དང་ཚགས་ཤ། རང་བྱུང་འཐུང་ཆུ་བཅས་དྲ་ཐོག་དང་དེ་མིན་ཟུང་འབྲེལ་བརྒྱུད་ཕྱིར་འཚོང་བྱས་ནས།  ལྷད་མེད་འདམ་གཞུང་གི་ཁུལ་ཁོངས་སྤྱི་སྟེགས་མུ་མཐུད་གཉེར་རྒྱུ་ཡིན་ཞེས་བཤད། 
ནད་ཡམས་རིམ་བཞིན་ཚོད་འཛིན་ཐུབ་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།  མཛེས་ལྗོངས་ཁུལ་ཆེ་གྲས་ཁག་སྔ་རྗེས་སུ་སྒོ་དབྱེ་བྱས་ནས་ཡུལ་སྐོར་ཁེ་ལས་ལ་ཞབས་ཞུ་ཡག་པོ་སྒྲུབ་པ་དང་ཆབས་ཅིག  ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བའི་དགོས་མཁོར་དམིགས་ནས་གྲོང་ཁྱེར་གྱི་ཉེ་འདབས་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་བཞིན་ཡོད། 
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཆོས་ཉིད་དབང་མོས།  ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་མཛེས་ལྗོངས་ཁུལ་དང་གསོལ་མགྲོན་ཁང་ཁག་གཞི་རྩའི་ཆ་ནས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཟིན་ཡོད།  དེང་སྐབས་ང་ཚོས་གྲོང་གསེབ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྣེ་ལེན་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་གི་ཡོད་ཅེས་བཤད།   
ནད་ཡམས་ལས་ཐོན་པའི་ཤུགས་རྐྱེན་སེལ་ཆེད།  ད་ལོ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ནང་དང་ས་ཆ་དེ་གའི་ཡུལ་སྐོར་ཁྲོམ་ར་ཆེན་པོ་གཉིས་ལ་དམིགས་པ་དང་།  གྲོང་གསེབ་ཀྱི་སྤྲོ་སྐྱིད་ཁང་དང་གླིང་ཁ་སོགས་ལ་བརྟེན་ནས་བོད་མིས་བོད་ལྗོངས་སྐོར་བ་དང་ལྷ་ས་བས་ལྷ་ས་སྐོར་བ་ཞེས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།  མཛེས་ལྗོངས་ཁུལ་རྩེ་གྲ་དང་།  ལམ་ཐིག་དང་ཐོན་རྫས་རྩེ་གྲ།  དུས་ཆེན་གྱི་བྱེད་སྒོ་རྩེ་གྲ།  སྤྲོ་སྐྱིད་གླིང་ཁ་རྩེ་གྲ།  རིག་གནས་གསར་གཏོད་ཐོན་རྫས་རྩེ་གྲ་བཅས་ཧུར་ཐག་གཏོད་དེ་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་རྒྱུན་ཆད་མེད་པར་སླར་གསོ་ཡོང་བ་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]