རང་ལྗོངས་ཀྱིས་ཕྱོགས་མིའི་ཡིག་ཚགས་གློག་རྡུལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ།  མི་དོན་ཡིག་ཚགས་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་ཆེད།  རང་སྐྱོང་ལྗོངས་མི་སྤྱི་ཁྲོམ་རས་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ཚད་ལྡན་ཅན་གྱི་ཡིག་ཚགས་ཁང་མགྱོགས་པོ་སྐྲུན་ནས།  ཕྱོགས་མིའི་ཡིག་ཚགས་གློག་རྡུལ་ཅན་འགྱུར་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་ཡོད།  
དེང་སྐབས་རང་ལྗོངས་སུ་གནས་སྡོད་བྱེད་མཁན་ཕྱོགས་མིས་བོད་ལྗོངས་མི་སྤྱི་ཁྲོམ་རའི་འཕྲིན་ཕྲན་ཞབས་ཞུའི་ཨང་རྟགས་བརྒྱུད།  རང་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཀོད་ཚེ་མི་དོན་ཡིག་ཚགས་ཉར་ས་དང་བརྒྱུད་སྤྲོད་ཆ་འཕྲིན་འཚོལ་ཆོག་གི་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན།  ད་བར་རང་ལྗོངས་ཀྱིས་ཕྱོགས་མིའི་མི་དོན་ཡིག་ཚགས་ཁྲི ༡.༥ ལྷག་ཙམ་གློག་རྡུལ་ཅན་དུ་འགྱུར་བ་དང་།  རང་ལྗོངས་སུ་གནས་སྡོད་བྱེད་མཁན་གྱི་ཕྱོགས་མིས་བོད་ལྗོངས་མི་སྤྱི་ཁྲོམ་རའི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་སྒེར་གྱི་ཡིག་ཚགས་འཚོལ་ཆོག་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]