མངའ་རིས་ས་ཁུལ་གྱིས་ནད་ཡམས་འགོག་ཟོན་དང་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་འཐུས་ཤོར་མི་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ།  མངའ་རིས་ས་ཁུལ་གྱི་དབུལ་སྐྱོར་ལས་ཀར་ཏོག་གསར་གློ་ཚད་ཀྱིས་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་དང་།  དུས་བཀག་ལྟར་དབུལ་གྲོལ་འགག་གྲོལ་ཐུབ་པ་བྱ་ཆེད།  མངའ་རིས་ས་ཁུལ་གྱིས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་བྱེད་མཚམས་མི་འཇོག་པ་དང་།  དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་སྤེལ་བཏང་སྟེ།  ནད་ཡམས་འགོག་ཟོན་དང་དབུལ་གྲོལ་འགག་སྒྲོལ་གཉིས་ཀར་དམ་འཛིན་ལྷོད་མེད་ཐུབ་པ་བྱས་ཡོད། 
མངའ་རིས་ས་ཁུལ་གྱིས་ཁེ་ལས་རྒྱུན་གཏན་ལྟར་ལས་གཉེར་སླར་གསོ་དང་ལས་གྲྭའི་ལས་ཀ་བསྐྱར་ཚུགས་སོགས་ཀྱི་ཇུས་གཞི་བཟོས་པ་དང་།  ཐེངས་ཁག་དབྱེ་སྟེ་དམངས་འཚོ་འཁོར་རྒྱུགས་དང་ནད་ཡམས་འགོག་ཟོན།  ནུས་ཁུངས་དང་ཨར་སྐྲུན་རྒྱུ་ཆ་མཁོ་སྤྲོད།  འགྲིམ་འགྲུལ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཡོད། 
ད་བར་ཁེ་ལས་ཁྲི ༡ ལྷག་ཙམ་ལས་གཉེར་སླར་གསོ་ཐུབ་པ་དང་ལས་གཉེར་བྱེད་ཚད་བརྒྱ་ཆ ༩༢ ཟིན་ཡོད།  ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་ཀ་བསྐྱར་ཚུགས་ལ་སྐུལ་སྤེལ་གཏོང་ཆེད།  མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་གཟའ་འཁོར་བྱེད་སྒོའི་བཀོད་གཏོང་ལམ་སྲོལ་བཙུགས་ནས།  དབུལ་སྐྱོར་རྣམ་གྲངས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་མཛུབ་ཁྲིད་བྱས་པ་དང་།  ས་གནས་དང་རྫོང་རིམ་པའི་ལས་བྱེད་པས་དབུལ་སྐྱོར་ཐོན་ལས་རྣམ་གྲངས ༡༠༦ ལ་ལྟ་སྡོམ་མཛུབ་ཁྲིད་བྱེད་རྒྱུར་བཀོད་སྒྲིག་བྱས་ནས།  རྣམ་གྲངས་བདེ་བླག་ངང་སྐྲུན་ཐུབ་པ་བྱས་ནས་དེ་ཚད་ལྡན་བཟོ་ཐུབ་པ་དང་འཁོར་རྒྱུག་ཐུབ་པ།  ཕན་འབྲས་ཐོན་ཐུབ་པ་བཅས་བྱས་ཡོད། 
ནད་ཡམས་འགོག་ཟོན་གྱི་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ་དང་ཆབས་ཅིག་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱེད་པ་དང་།  སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  ཞིང་ལས་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་ལས་དོན་སྤེལ་ཐོག་ཞིང་འབྲོག་པའི་འབབ་འཕར་དང་།  ཞིང་ནང་ཆུ་བེད་འཛུགས་སྐྲུན་སོགས་ལ་གཅིག་འགྱུར་འཆར་འགོད་བྱེད་རྒྱུར་དམ་འཛིན་བྱས་པས་ཞིང་འབྲོག་ལས་ཐོན་སྐྱེད་གོང་འཕེལ་བརྟན་པོ་བྱུང་ཡོད་ལ།  རྫོང་དང་ཤང་༼གྲོང་རྡལ༽ཁག་གི་ཞིང་འབྲོག་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་དང་ཕྱུགས་ནད་འགོག་བཅོས་ས་ཚིགས།  ཤང་༼གྲོང་རྡལ༽ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས།  ཚན་རྩལ་ཆེད་མངགས་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  སོན་བཟང་ཉོ་སྒྲུབ་དང་ནད་འབུ་ཕྱོགས་བསྡུས་འགོག་བཅོས།  ཞིང་ཁའི་གཡོག་བྱེད་སོགས་ཐད་ལག་རྩལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ།  འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་དང་གནོད་འཚེ་འགོག་སེལ་གྱི་ནུས་པ་ཆེ་རུ་གཏོང་བཞིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]