རང་ལྗོངས་ཀྱིས་མཐོ་གསར་གྲངས་འཛིན་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་མཐོ་གསར་གྲངས་འཛིན་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་སྤྱི་ལོ ༢༠༢༠ ལོའི་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲའུ་དང་ཀྲང་ཡུང་ཙེ།  མོང་ཞའོ་ལིན་བཅས་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  དྲ་གསུམ་མཉམ་འདྲེས་གང་མགྱོགས་ཐུབ་པ་བྱས་ཐོག་སྤྲིན་ཚོམ་ལས་སྟེགས་དང་གྲངས་གཞི་ཆེ་མོའི་ལྟེ་གནས་སོགས་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ།  མཐོ་གསར་གྲངས་འཛིན་ཐོན་ལས་གླིང་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག  སྲིད་དར་དམངས་ཕན་དང་ལས་དར་ལ་དམིགས་ནས་ཆ་འཕྲིན་ཅན་གྱི་ཁེ་ཕན་ཆེ་རུ་བཏང་སྟེ།  མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་དང་མཉམ་སྦྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ་གཏིང་ཟབ་བྱས་ནས།  གློག་རྡུལ་ཚོང་དོན་ལས་གཞི་འཛུགས་སྐྱོང་དང་བློ་རིག་ཞིང་འབྲོག་གི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།  གྲོང་ཁྱེར་གྱི་དོ་དམ་དང་སྨན་བཅོས་སློབ་གསོ།  སྤྱི་ཚོགས་འགན་ལེན་སོགས་ཁྱབ་ཁོངས་སུ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ།  ཤེས་ལྡན་པ་དཀོན་པའི་ཞན་ཆ་གསབ་ནས་ཆ་འཕྲིན་ཅན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལྗོངས་ནང་ཁུལ་གྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭས་ཆ་འཕྲིན་ཆེད་ལས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལྗོངས་ཕྱིའི་ཆ་འཕྲིན་ལག་རྩལ་གྱི་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུར་སྣང་ཆེན་བྱེད་དགོས་པ།  ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ལག་རྩལ་ཁྱབ་གདལ་སློབ་གསོ་མགྱོགས་པོ་བཏང་ནས་གཞི་རིམ་གྱི་ཆ་འཕྲིན་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ།  བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ནས་དྲ་བའི་བདེ་འཇགས་འགན་སྲུང་མ་ལག་བཙུགས་ཏེ་ཆ་འཕྲིན་བདེ་འཇགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་ཀར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ།  མཉམ་སྦྲེལ་དྲ་རྒྱའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་བའི་ཁོར་ཡུག་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]