ཏིང་གཡས་ཤན་ནས་ལྷ་སར་ལོ་ཆུང་བྱིས་པ་དང་མཉམ་དུ་དྲུག་གཅིག་དགའ་གཏོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་དང་བུ་བཅོལ་ཁང་ཁག་ཏུ་ཕེབས་ཏེ།  མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ་དུས་ཆེན་དགའ་གཏོང་གནང་ཞིང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་ཟད།  རྒྱ་ཆེའི་ལོ་ཆུང་བྱིས་པའི་སློབ་གསོ་ལས་དོན་པར་བླ་ན་མེད་པའི་གུས་བཏུད་ཀྱང་ཞུས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་པད་མ་དབང་འདུས་དང་ཧྲི་མོའུ་ཅུན་རྣམ་གཉིས་ལྷན་དུ་ཕེབས་ཡོད། 
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་ཏིང་གཡས་ཤན་གྱིས་ཀུན་སྤྱོད་སློབ་གསོའི་ཁྱམས་རར་གཟིགས་སྐོར་གནང་བ་དང་།  བརྗོད་དོན་གཙོ་བོའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་པ་རེད།  ཁོང་གིས་བྱིས་པ་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ།  ནར་སོན་རྗེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་ཐུགས་རེ་གནང་བ་རེད། 
ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དུ་ཕྲུ་གུ་ཚོ་རྒན་ལགས་ཀྱི་སྣེ་ཁྲིད་འོག་དུས་ཆེན་གཏོང་བཞིན་ཡོད་པ་དང་།  ཏིང་གཡས་ཤན་གྱིས་སློབ་གསོ་ཚན་པ་དང་བུ་བཅོལ་ཁང་གི་འགན་འཁུར་བར།  སྔར་རྒྱུན་བཞིན་བོད་སྐྱོར་དགེ་རྒན་གྱི་ལས་ཀ་དང་འཚོ་བར་སེམས་ཁུར་བྱས་ནས།  ཁོང་ཚོའི་སེམས་ཁྲལ་སེལ་ཏེ་ཚང་མས་འཇོན་ཐང་འདོན་རྒྱུ་དང་ལས་སྒྲུབ་ལས་གཏོད་བྱེད་རྒྱུར་འགན་སྲུང་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། 
ཏིང་གཡས་ཤན་ནས་ད་དུང་རིམ་ཁག་ཚན་པ་ཁག་གིས་ཁྱིམ་ཚང་དང་སློབ་གྲྭའི་དབར་མཐུན་སྦྱོར་དམ་ཟབ་བྱས་ཏེ།  སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་ལོ་ཆུང་བྱིས་པར་སེམས་ཁུར་གཅེས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་ཐོག  ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་།  གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ལས་དོན་སྤེལ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས།  མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  སློབ་མ་ཚོ་རླབས་ཆེའི་ཏང་དང་མེས་རྒྱལ།  མི་དམངས།  བོད་ལྗོངས་བཅས་ལ་དེ་བས་དགའ་ཞེན་བྱེད་མཁན་ཞིག་དང་།  མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཐུབ་པ་བྱེད་དགོས་རྒྱུའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]