ལྗོངས་ཡོངས་ཀྱིས་ལོ་ཆུང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཝུའུ་དབྱིང་ཇེས་བཀའ་སློབ་གལ་ཆེན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་བཀའ་སློབ་གལ་ཆེན་གནང་ཡོད།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ལོ་ཆུང་བྱིས་པར་གནང་བའི་དུས་ཆེན་གྱི་མངག་ཆ་དང་ལོ་ཆུང་བྱིས་པའི་ལས་དོན་སྐོར་ལ་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དེ་དག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་།  སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་ལ།  མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་གང་འདྲ་བྱས་ནས་མི་གསོ་སྐྱོང་བྱེད་པ།  སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་ལ་དམ་པོར་དམིགས་ནས།  ཀུན་སྤྱོད་ལེགས་པའི་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཇེ་ཡིས་ད་དུང་བོད་ཀྱི་རིག་གནས་ཚུད་པའི་ཀྲུང་ཧྭ་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་གཞི་རྟེན་དང་སེམས་ཁམས་ཀྱི་བརྟེན་ས།  བསམ་པའི་ཞིང་ཁམས་བཅས་ཡིན་པ་དང་།  བོད་ཀྱི་མི་རིགས་ཁག་གི་རིག་གནས་དེ་དག་ཀྱང་ཀྲུང་ཧྭ་རིག་གནས་ཀྱི་ཁ་ཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་དེ་ལོ་ཆུང་བྱིས་པའི་སེམས་ཁོངས་སུ་བརྟན་པོར་འཇག་པ་བྱས་ཏེ།  སློབ་མ་ཚོས་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོས་ནས་སྤྱོད་ཡོན་གཉིས་ལྡན་ཡིན་ལ།  ལུས་རྩལ་དང་མཛེས་རྩལ། ངལ་རྩོལ་བཅས་ལ་བྱང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་མཛུབ་སྟོན་ཡང་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]