ཀྲོང་ཡན་ནས་རྩིས་བཤེར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཀྱིས་རྩིས་བཤེར་ལས་དོན་ལ་གཞོགས་འདེགས་བྱེད་པའི་མཐུན་སྦྱོར་བཀོད་སྒྲིག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཉེ་དུས་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཀྲོང་ཡན་ནས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ།  རྩིས་བཤེར་ལས་དོན་ལ་ཕན་འབྲས་ཐོན་པ་དང་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས་པ་དང་།  བདེན་པ་བདེན་ཐུབ་ངང་དཔྱད་གཞི་མཁོ་འདོན་བྱས་ཏེ།  དངོས་ཐོག་བདེན་འཚོལ་དང་རྫུན་བཟོ་གཏན་འགོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ།  གཙོ་གནད་ཚན་པ་དང་ས་གནས་མངོན་ཆེར་འཛིན་ནས་བྱེད་པོའི་འགན་འཁྲི་ནན་པོ་དཀྲི་བ།  ལས་ཀའི་བརྒྱུད་རིམ་ཁ་གསལ་བཟོ་བ།  འབྲེལ་ཡོད་ཀྱི་སྲིད་ཇུས་གཏན་འབེབས་ཁོང་དུ་ཡང་དག་ཆུད་པ་བྱེད་པ།  སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཆེད་འགན་བ་གཏན་འཁེལ་བྱེད་པ།  ཞིབ་མཆན་གྱི་དབང་ཆ་ཁ་གསལ་བཟོ་བ་བཅས་བྱས་ནས།  གྲོང་ཁྱེར༼ས་ཁུལ༽དང་ཚན་པ་ཁག་གིས་དུས་གཅིག་ཏུ་རྩིས་བཤེར་ལས་དོན་ལ་གཞོགས་འདེགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཐུན་སྦྱོར་བྱས་ཏེ།  སྲིད་ཇུས་ཀྱི་གཏན་འཁེལ་ཁྱབ་ཁོངས་ནང་འཚོ་བ་དང་འགྲིམ་འགྲུལ།  བདེ་སྲུང་སོགས་ཀྱི་ཞབས་ཞུ་འགན་སྲུང་ལས་དོན་ཧུར་ཐག་སྒྲུབ་སྟེ། 
ལས་ཀའི་ཁོར་ཡུག་བཟང་པོ་གཏོད་ནས་རྩིས་བཤེར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]