ཆེ་དགྲ་ལྷས་ལྷ་སར་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་སྨན་དོན་མི་སྣར་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༡ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་ས་བབ་ཧ་ཅང་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་ལས་དོན་དང་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་ཚབ་ཞུས་ནས།  གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་སྨན་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམ་འདྲི་གནང་བ་མ་ཟད།  དབུལ་གྲོལ་འགག་སྒྲོལ་དང་ས་བབ་ཧ་ཅང་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོ་དང་།  ནད་ཡམས་འགོག་ཟོན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་ལས་དོན་པར་དུས་ཆེན་གྱི་འཚམ་འདྲི་ཡང་ཞུས་གནང་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་དང་འཚམ་འདྲི་གནང་སྐབས་ལྷན་དུ་ཕེབས་ཡོད།

གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོའི་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་གྲོང་རྡལ་གྱིས་ས་ཆ་དེ་གའི་དབུལ་གྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་དམིགས་ཏེ།  ཉེ་འཁོར་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།  ཆེ་དགྲ་ལྷས་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་བྱེད་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་ནས།  ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ་ནི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཆེས་ཐད་ཀར་དང་ཆེས་ནུས་ལྡན་གྱི་བྱ་ཐབས་གྲས་ཤིག་རེད་ལ།  མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་གསུངས།

སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ས་བབ་ཧ་ཅང་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོ་བྱེད་གནས་སུ།  ཆེ་དགྲ་ལྷས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ།  ཏང་འཛུགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་།  ཏང་ཡོན་ལས་བྱེད་པ་དང་སྨན་དོན་མི་སྣར་གཟིགས་པ་རེད།  ཆེ་དགྲ་ལྷ་ནས་ཚང་མས་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་སྒོ་ནས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ཐོག  སློབ་སྦྱོང་ཧུར་ཐག་དང་བསྒྱུར་བཅོས་གསར་གཏོད་བྱས་ཏེ་ས་བབ་ཧ་ཅང་མཐོ་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་ཏང་འཛུགས་ལས་ཀའི་ཐབས་ལམ་བཟང་པོ་ཞིག་འཚོལ་ཞིབ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་།

འཚམ་འདྲི་གནང་རིང་ཆེ་དགྲ་ལྷས།  རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ།  མཐུན་སྒྲིལ་བྱེད་མཁས་པ།  འཕེལ་རྒྱས་གཏོང་ཤེས་པ།  ཕྱུག་པོ་ཆགས་ཐུབ་པ།  བརྟན་ལྷིང་འགན་སྲུང་ཐུབ་པ་བཅས་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་སྟོབས་ཆེའི་འཐབ་རྩོད་ཀྱི་མཁར་རྫོང་ལྟ་བུ་ཞིག་ཏུ་སྐྲུན་དགོས་པ་དང་།  ནད་ཡམས་འགོག་ཟོན་དང་།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཐོག་དམ་འཛིན་ཡག་པོ་བྱས་ཏེ།  རྒྱ་ཆེའི་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]